ཝང་ཅུན་ཀྲེང་གིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བརྟག་ཞིབ་གནང་བ།
ལིའུ་ཅང་ལྷན་དུ་ཕེབས་པ།
ཟླ་5ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བརྟག་ཞིབ་གནང་བ་དང་སྦྲགས། ལྗོངས་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གསོའི་ལས་དོན་སྐོར་གྱི་སྙན་སེང་གསན་ཞིང་། འདི་ནི་སྙན་ཞུའི་ཚོགས་འདུ་འཚོག་ཡུལ་ཡིན་པ།
དུས་བབ་ཀྱི་འགྱུར་ལྡོག་དང་འཚམ་ཞིང་དོན་དངོས་ཀྱི་དགོས་མཁོར་གཞི་ཚུགས་ནས་བོད་ཀྱི་ལས་རིགས་ལག་རྩལ་སློབ་གསོའི་གསོ་སྦྱོང་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་འཛུགས་སྐྲུན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།
ཟླ་5ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བརྟག་ཞིབ་གནང་བ་དང་སྦྲགས། ལྗོངས་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གསོའི་ལས་དོན་སྐོར་གྱི་སྙན་སེང་གསན་ཞིང་། ཁོང་གིས་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དུས་བབ་ཀྱི་འགྱུར་ལྡོག་དང་འཚམ་པ་དང་། དོན་དངོས་ཀྱི་དགོས་མཁོར་གཞི་ཚུགས་པ། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བཅས་བྱས་ཏེ། བོད་ཀྱི་ལས་རིགས་ལག་རྩལ་སློབ་གསོའི་གསོ་སྦྱོང་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་འཛུགས་སྐྲུན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ། ཝང་ཅུན་ཀྲེང་གིས་སློབ་གླིང་དེའི་ཚན་རྩལ་གསར་གཏོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་། ཞིང་འབྲོག་ལས་རིམ་སྤོར། ཞིང་འབྲོག་པའི་བདེ་ཐང་སོགས་ལ་ཞབས་འདེགས་ཞུས་པའི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་དང་སྦྲགས། སློབ་གྲྭས་སློབ་མའི་ཐབས་མང་ལས་ཞུགས་དང་རང་བདག་ལས་གཏོད་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གསུངས་དོན། དཔལ་འབྱོར་འཕེལ་རྒྱས་ཀྱིས་སློབ་གསོ་འཕེལ་རྒྱས་ལ་ཡངས་ཤིང་རྒྱ་ཆེ་བའི་ཁོར་ཡུག་བསྐྲུན་པ་དང་། སློབ་གསོ་འཕེལ་རྒྱས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་བསྟུན་ནས། ཐོན་ལས་བཟོ་པ་དང་ལག་རྩལ་ཤེས་ལྡན་པའི་སྤྱི་ཚོགས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་རྐྱེན། ལས་རིགས་སློབ་གསོས་ཁྲོམ་རའི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་ནུས་རྒྱུ་གཙང་མ་གསར་སྤེལ་སོགས་ཀྱི་གཙོ་གནད་རྣམ་གྲངས་དང་རང་འགུལ་ངང་སྦྲེལ་མཐུད་ཧུར་ཐག་བྱེད་དགོས་པ་མ་ཟད། “ཐོན་ལས་ཆེན་པོ་དགུ”ལ་དམིགས་ནས་ཆེད་ལས་ཧུར་ཐག་གཉེར་བ་དང་ཤེས་ལྡན་པ་གསོ་སྐྱོང་གི་མཁོ་སྤྲོད་འཚམ་པོ་ཡོང་བ་བྱེད་དགོས།
དེ་རྗེས་ཀྱི་སྙན་ཞུའི་ཚོགས་འདུའི་ཐོག ཝང་ཅུན་ཀྲེང་གིས་བསྟན་དོན། སློབ་གསོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་སློབ་གསོའི་ལས་དོན་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2024ལོའི་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་ཐོག་ལས་རིགས་སློབ་གསོའི་ཐད“ལས་རིགས་སློབ་གསོ་དང་སྤྱིར་བཏང་སློབ་གསོ་མཉམ་མཐུད་དང་ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག་བཙུགས་ནས་རྒྱལ་ཁབ་ཆེན་པོའི་བཟོ་བོ་དང་། བཟོ་རྩལ་མཁས་པ། རྩལ་ནུས་མཐོ་བའི་ཤེས་ལྡན་པ་བཅས་གསོ་སྐྱོང་ཤུགས་ཆེན་བྱེད་དགོས་པའི”བླང་བྱ་བཏོན་གནང་ཞིང་། དེས་ང་ཚོར་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞི་ཚུགས་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་ལས་རིགས་ལག་རྩལ་སློབ་གསོ་གསོ་སྦྱོང་མགྱོགས་སུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་ཀྱི་ལས་རིགས་སློབ་གསོའི་ནུས་པ་གལ་ཆེན་དང་། མི་སེམས་གཅིག་ཏུ་སྒྲིལ་བའི་ཁྲོད་ཀྱི་ལས་རིགས་སློབ་གསོའི་འགན་འཁྲི་གལ་ཆེན། ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐད་ཀྱི་ལས་རིགས་སློབ་གསོའི་ནུས་པ་བཅས་གང་ལེགས་འདོན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཤེས་ལྡན་པ་གསོ་སྐྱོང་དང་ཀུན་སྤྱོད་གསོ་སྐྱོང་གཅིག་གྱུར་དང་བསམ་བློ་ཆབ་སྲིད་སློབ་གསོ་དང་ལས་རིགས་ཀུན་སྤྱོད་སློབ་གསོ་གཅིག་གྱུར་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་ལག་བསྟར་ཤུགས་ཆེན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཤེས་ལྡན་པ་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཡོང་བར་བྱས་ནས། མི་རིགས་ཁག་གི་སློབ་མའི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། དུས་རབས་དང་འཚམ་པར་འདུ་ཤེས་བསྒྱུར་བ་དང་དེང་རབས་ལས་རིགས་སློབ་གསོའི་ལས་འགན་ལ་ངོས་འཛིན་གང་ལེགས་ཐུབ་པར་བྱས་ཏེ། སྒོ་དབྱེའི་སེམས་ཁམས་ནས་ལྗོངས་ཕྱིའི་མཐོ་སློབ་དང་གཞུང་ཁོངས་ཁེ་ལས་ཆེ་གྲས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག་ལེགས་སྤེལ་ཉེས་འགོག་དང་། ཡུལ་བབ་དང་བསྟུན་པ། རང་ངོས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱེད་པ། ལས་རིགས་སློབ་གསོ་དང་སྤྱིར་བཏང་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བཅས་བྱས་ནས། རིམ་པ་མི་འདྲ་བའི་ལས་རིགས་སློབ་གསོ་ཕན་ཚུན་འབྲེལ་མཐུད་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། མི་ཚང་མར་ཕྱོགས་པ་དང་སྣོད་བསྟུན་སློབ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཁྱོན་ཡོངས་ལ་ཁྱབ་པའི་ལས་རིགས་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲིང་རིམ་ལས་རིགས་སློབ་གསོའི་རྨང་གཞིའི་གནས་བབ་མུ་མཐུད་བརྟན་དུ་གཏོང་བ། མཐོ་རིམ་ལས་རིགས་སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་བ་དང་ཕུལ་བྱུང་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། རིམ་པ་དེ་བས་མཐོ་བའི་ལས་རིགས་སློབ་གསོ་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས། ལས་རིགས་སློབ་གསོའི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། གོ་སྐབས་དམ་འཛིན་མཐའ་འཁྱོངས་བྱས་ནས་ལས་རིགས་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཡོང་བར་བྱས་ནས་ལས་རིགས་སློབ་གསོ་དང་ཐོན་ལས་སྐྱེད་སྲིང་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་མཐོང་ཆེན་དང་། སློབ་གྲྭ་དང་ཁེ་ལས་དབར་གྱི་མཉམ་ལས་ཟབ་ཏུ་བཏང་ནས་ཁེ་ལས་ཀྱི་དགོས་མཁོ་དང་སློབ་གྲྭའི་དགེ་མཚན་ཟུང་འབྲེལ་དམ་ཟབ་ཡོང་བར་མཐོང་ཆེན། ཚན་རིག་དང་སློབ་གསོ་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་སློབ་གྲྭའི་འགན་ནུས་དང་ཁེ་ལས་ཀྱི་ཐོན་སྐྱེད་སྦྲེལ་མཐུད་ལ་མཐོང་ཆེན། དོན་དངོས་ལ་གཞི་ཚུགས་ནས་བྱང་ཚད་མཐོ་བའི་ཐོན་ལས་བཟོ་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་རིགས་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལས་རིགས་སློབ་གསོ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དང་། དམངས་འཚོ། འབྱུང་འགྱུར་བཅས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ལས་རིགས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ལག་རྩལ་རྩལ་ནུས་ཤེས་ལྡན་པའི་སྤྱི་ཚོགས་ཀྱི་གནས་བབ་མཐོ་རུ་གཏོང་བ། སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པ་བཅས་བྱེད་དགོས། སློབ་གྲྭའི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། སློབ་མའི་བཟའ་བཏུང་དང་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ལས་དོན་ལ་དམ་འཛིན་བྱས་ནས། དུས་བདེའི་སློབ་གྲྭ་འཛུགས་སྐྲུན་གཏིང་ཟབ་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་ལས་དོན་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། བོད་ཀྱི་ལས་རིགས་ལག་རྩལ་སློབ་གསོ་གསོ་སྦྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།