དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《བོད་རང་སྐྱོང་ལྗོངས་ཀྱི་ཐོག་འགོག་དང་གནོད་འཚེ་ཉུང་གཏོང་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་11ལ་བཟོ་བཅོས་རྒྱག་རྒྱུ་དང《བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་ཁོར་ཡུག་གི་དོ་དམ་སྲོལ་ཡིག》མེད་པར་བཟོ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

    (2025ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་གྲོས་འཆམ་བྱུང་བ)

  •     སྤེལ་དུས།  2025-05-29

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་གཏན་འབེབས་བྱས་དོན།

    གཅིག 《བོད་རང་སྐྱོང་ལྗོངས་ཀྱི་ཐོག་འགོག་དང་གནོད་འཚེ་ཉུང་གཏོང་སྲོལ་ཡིག》ལ་བཟོ་བཅོས་རྒྱག་རྒྱུ།

    (གཅིག)དོན་ཚན་བཅུ་གསུམ་པ་ནས་བཅོ་བརྒྱད་པའི་བར་བསུབ་རྒྱུ།

    (གཉིས)དོན་ཚན་བཅུ་དགུ་པ་དེ་དོན་ཚན་བཅུ་གསུམ་པར་བསྒྱུར་ནས“རིཌ་ཁག་གི་སྐྲུན་དངོས(བཟོ་བཀོད་དངོས་པོ)དང་། གནས་ཡུལ། སྒྲིག་བཀོད་བཅས་ལ་ཐོག་འགོག་སྒྲིག་ཆས་བསྒར་སྐབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཐོག་འགོག་ཚད་གཞིའི་གཏན་འབེབས་དང་མཐུན་དགོས། སྐྲུན་དངོས(བཟོ་བཀོད་དངོས་པོ)དང་། གནས་ཡུལ། སྒྲིག་བཀོད་བཅས་ཀྱི་ཐོག་འགོག་སྒྲིག་ཆས་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱེད་སྐབས་ལས་གྲྭ་གཙོ་བོ་དང་མཉམ་དུ་ཇུས་འགོད་དང་། ཨར་སྐྲུན། བེད་སྤྱོད་བཅས་བྱེད་དགོས”

    “འཛུགས་སྐྲུན་ལས་གྲྭའི་ཐོག་འགོག་སྒྲིག་ཆས་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་ཀྱི་ཇུས་འགོད་དང་ཨར་ལས་དེ་འཛུཌ་སྐྲུན་དང་། གཞུང་ལམ། ཆུ་ལམ། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། ཆུ་བེད། གློག་ཤུགས། འཕྲིན་གཏོང་སོགས་ཆེད་ལས་ཀྱི་ལས་གྲྭའི་ཇུས་འགོད་དང་ཨར་ལས་ཀྱི་འོས་ཐོབ་ལྡན་པའི་ཚན་པར་སྤྲད་ན་འགྲིག”

    “སྣུམ་མཛོད་དང་། རླངས་མཛོད། མདེལ་མཛོད། རྫས་འགྱུར་དངོས་རྫས་ཀྱི་མཛོད་བཅས་དང་། ཤོག་སྦག་དང་རྡོ་སྣུམ་རྫས་འགྱུར་སོགས་འབར་གས་སླ་བའི་འཛུགས་སྐྲུན་ལས་གྲྭ་དང་གནས་ཡུལ། ཐོག་རྒྱག་གློག་འཁྱུག་ཐོན་སླ་བའི་གཏེར་ཁུལ། ཡུལ་སྐོར་མཛེས་ལྗོངས་ཁུལ་ལམ་ཡང་ན་བེད་སྤྱོད་བྱེད་པའི་སྐྲུན་དངོས(བཟོ་བཀོད་དངོས་པོ)དང་སྒྲིག་བཀོད་སོགས་ཐོག་རྒྱག་གློག་འཁྱུག་འགོག་སྲུང་གི་སྒྲིག་ཆས་ལོགས་སུ་བསྒར་དགོས་པའི་ས་ཆ། དེ་བཞིན་ཐོག་རྒྱག་གློག་འཁྱུག་གི་ཉེན་ཁ་ཆེ་བ་མ་ཟད་ཐོག་འགོག་གི་ཚད་གཞི་མེད་པ་དང་རིགས་པས་ཁུངས་སྐྱེལ་དམིགས་བསལ་བྱེད་དགོས་པའི་རྣམ་གྲངས་ཆེ་གྲས་བཅས་ཀྱི་ཐོག་འགོག་སྒྲིག་ཆས་ཀྱི་ཇུས་འགོད་ཞིབ་དཔྱད་དང་ལས་མཇུག་འགྲིལ་བའི་ཞིབ་བཤེར་རྩིས་ལེན་དེ་རྫོང་རིམ་པ་ཡན་གྱི་གནམ་གཤིས་གཙོ་འགན་དོ་དམ་སྡེ་ཚན་གྱིས་འགན་ཁུར་དགོས། ཇུས་འགོད་ཞིབ་དཔྱད་མ་བྱས་པའམ་ཡང་ན་ཇུས་འགོད་ཞིབ་དཔྱད་ཚད་མ་ལོན་པའི་རིགས་ཨར་སྐྲུན་བྱེད་མི་ཆོག ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་མ་བྱས་པའམ་ཡང་ན་ཞིབ་བཤེར་རྩིས་ལེན་ཚད་མ་ལོན་པའི་རིགས་རྩིས་སྤྲོད་བྱས་ནས་བེད་སྤྱོད་གཏོང་མི་ཆོག”

    “ཁང་པ་དང་། གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད། གཞུང་ལམ། ཆུ་ལམ། ལྕཌ་ལམ། དམངས་སྤྱོད་མཁའ་འགྲུལ། ཆུ་བེད། གློག་ཤུགས། འཕྲིན་གཏོང་སོགས་འཛུགས་སྐྲུན་ལས་གྲྭའི་གཙོ་འགན་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་ཁྱབ་ཁོངས་ནང་གི་འཛུཌ་སྐྲུན་ལས་གྲྭའི་ཐོག་འགོག་དོ་དམ་གྱི་འགན་ཁུར་དགོས”ཞེས་པ་བཅས་ལ་བཅོས་རྒྱུ།

    (གསུམ)དོན་ཚན་ཉི་ཤུ་པ་བསུབ་རྒྱུ།

    (བཞི)དོན་ཚན་ཉེར་གཅིག་པ་དེ་དོན་ཚན་བཅུ་བཞི་པར་བསྒྱུར་རྒྱུ་དང་། ནང་གསེས་གཉིས་པ་དེ“སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་གཙོ་འགན་དོ་དམ་སྡེ་ཚན་གྱིས་ཞིང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ཐོག་འགོག་བདེ་འཇགས་བེད་སྤྱོད་ཀྱི་ལག་རྩལ་ཚད་གཞི་ཁྱབ་གདལ་གཏོང་དགོས་པ་དང་། ཞིང་འབྲོག་པ་འདུས་སྡོད་བྱེད་སར་ཐོག་འགོག་གི་སྒྲིག་ཆས་བསྒར་བར་མཛུབ་ཁྲིད་བྱེད་དགོས་པ་མ་ཟད་འབྲེལ་ཡོད་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས”ཞེས་པར་བཅོས་རྒྱུ།

    (ལྔ)དོན་ཚན་ཉེར་གཉིས་པ་བསུབ་རྒྱུ།

    (དྲུག)དོན་ཚན་ཉེར་ལྔ་པ་དོན་ཚན་བཅུ་བདུན་པར་བསྒྱུར་རྒྱུ་དང་ནང་གསེས་གཉིས་པ་དེ“ཐོག་འགོག་སྒྲིག་ཆས་ཞིབ་དཔྱད་ཚད་ལེན་སྒྲིག་གཞིས་ཐོག་འགོག་སྒྲིག་ཆས་ལ་ཞིབ་དཔྱད་ཚད་ལེན་བྱས་རྗེས་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་འདོན་དགོས། ཞིབ་དཔྱད་ཚད་ལེན་བྱེད་རིང་ཐོག་འགོག་སྒྲིག་ཆས་ལ་བདེ་འཇཌ་ཀྱི་མངོན་མེད་རྐྱེན་ངན་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་ཞིབ་དཔྱད་ཚད་ལེན་བྱ་ཡུལ་ཚན་པར་བརྡ་ཐོ་གཏོང་དགོས། ཞིབ་དཔྱད་ཚད་ལེན་བྱ་ཡུལ་ཚན་པས་དུས་ཐོག་ཏུ་དག་ཐེར་བྱེད་དགོས་པ་དང་འབྲེལ་དག་ཐེར་གྱི་གནས་ཚུལ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དགོས”ཞེས་པར་བཅོས་རྒྱུ།

    (བདུན)ས་བཅད་ལྔ་པའི་ཁ་བྱང“ཐོག་རྒྱག་གློག་འཁྱུག་གི་གནོད་འཚེར་བརྟག་དཔྱད་དང་། འཕྲལ་སྡོམ་རོགས་སྐྱོབ་དང་ཉེན་ཁ་ཚོད་སྐོར”ཞེས་པ“ཐོག་རྒྱག་གློག་འཁྱུག་གི་གནོད་འཚེར་བརྟག་དཔྱད་དང་འཕྲལ་སྡོམ་རོགས་སྐྱོབ”ཅེས་པར་བཅོས་རྒྱུ།

    (བརྒྱད)དོན་ཚན་སོ་གཉིས་པ་དང་སོ་གསུམ་པ་བསུབ་རྒྱུ།

    (དགུ)དོན་ཚན་སོ་བཞི་པ་དེ་དོན་ཚན་ཉེར་བཞི་པར་བསྒྱུར་ནས“སྒོར་5000ཡན་ནས་ཁྲི་3མན”དེ“སྒོར་ཁྲི་5མན”ལ་བཅོས་རྒྱུ།

    (བཅུ)དོན་ཚན་སོ་ལྔ་པ་དེ་དོན་ཚན་ཉེར་ལྔ་པར་བསྒྱུར་ནས“གནམ་གཤིས་གཙོ་འགན་དོ་དམ་སྒྲིག་གཞིའི”རྗེས་སུ“ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་འགན་འཁྲིའི་ལས་བགོས་ལྟར”ཞེས་པ་སྣོན་རྒྱུ་དང་དོན་ཚན་དང་པོ་བསུབ་རྒྱུ།

    (བཅུ་གཅིག)དོན་ཚན་སོ་དྲུག་པ་དེ་དོན་ཚན་ཉེར་དྲུག་པར་བསྒྱུར་ནས“སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་གཤམ་གསལ་བྱེད་སྤྱོད་ལས་རིགས་གཅིག་ཡོད་ཚེ་རྫོང་རིམ་པ་ཡན་གྱི་གནམ་གཤིས་གཙོ་འགན་དོ་དམ་སྒྲིག་གཞིས་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་འབྲེལ། སྒོར་ཁྲི་5ཡན་ནས་ཁྲི་10མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཁྲིམས་འགལ་ཐོབ་ཆ་ཡོད་ན་གཞུང་བཞེས་གཏོང་རྒྱུ། མི་གཞན་ལ་གྱོང་གུན་བཟོས་རིགས་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁྲི་ཁུར་དགོས་པ་སྟེ།

    “(གཅིག)འོས་ཐོབ་མེད་པའམ་ཡང་ན་འོས་ཐོབ་ཀྱི་ཆོག་འཐུས་ཁྱབ་ཁོངས་ལས་བརྒལ་ནས་ཐོག་འགོག་སྒྲིག་ཆས་ལ་ཞིབ་དཔྱད་ཚད་ལེན་བྱེད་རིགས་དང”

    “(གཉིས)ཐོག་འགོག་སྒྲིག་ཆས་ཇུས་འགོད་བྱེད་སྐབས་ཁྲིམས་ལྟར་ས་གནས་དེ་གའི་གནམ་གཤིས་གཙོ་འགན་དོ་དམ་སྒྲིག་གཞིའི་ཞིབ་དཔྱད་བརྒྱུད་དགོས་པ་དང་། ཞིབ་དཔྱད་མ་བྱས་པའམ་ཡང་ན་ཞིབ་དཔྱད་ཚད་མ་ལོན་པར་རང་དགར་ཨར་སྐྲུན་བྱེད་རིགས”

    “(གསུམ)ཐོག་འགོག་སྒྲིག་ཆས་ལ་ཁྲིམས་ལྟར་ས་གནས་དེ་གའི་གནམ་གཤིས་གཙོ་འགན་དོ་དམ་སྒྲིག་གཞིས་ལས་མཇུག་འགྲིལ་རྗེས་ཞིབ་བཤེར་རྩིས་ལེན་བྱེད་དགོས་པ་དང་། ལས་མཇུག་འགྲིལ་རྗེས་ཞིབ་བཤེར་རྩིས་ལེན་མ་བྱས་པའམ་ཡང་ན་ལས་མཇུག་འགྲིལ་རྗེས་ཞིབ་བཤེར་རྩིས་ལེན་ཚད་མ་ལོན་པར་རང་དགར་བེད་སྤྱོད་གཏོང་རིགས”བཅས་ལ་བཅོས་རྒྱུ།

    (བཅུ་གཉིས)དོན་ཚན་སོ་བདུན་པ་བསུབ་རྒྱུ།

    (བཅུ་གསུམ)དོན་ཚན་བཞི་བཅུ་པ་དེ་དོན་ཚན་ཉེར་དགུ་པར་བསྒྱུར་ནས་ནང་གསེས་གསུམ་པ་བསུབ་རྒྱུ།

    གཉིས། 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ལ་བཟོ་བཅོས་རྒྱག་རྒྱུ།

    དོན་ཚན་ཉི་ཤུ་པ་བསུབ་རྒྱུ།

    གསུམ། 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ལ་བཟོ་བཅོས་རྒྱག་རྒྱུ།

    དོན་ཚན་སོ་བདུན་གྱི་ནང་གསེས་གཉིས་པ་བསུབ་རྒྱུ།

    བཞི། 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ལ་བཟོ་བཅོས་རྒྱག་རྒྱུ།

    (གཅིག)དོན་ཚན་ཉེར་དྲུག་པ་དེ“རང་སྐྱོང་ལྗོངས་ཀྱིས་ཆུའི་ཐོན་ཁུངས་རིན་དོད་ཡོད་པའི་བེད་སྤྱོད་ལམ་ལུགས་ལག་ལེན་བསྟར་རྒྱུ་དང་། ཆུ་ལེན་ཆོག་མཆན་ཐོབ་པའི་སྡེ་ཚན་དང་མི་སྒེར་གྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆུའི་ཐོན་ཁུངས་ཀྱི་དཔྱ་ཁྲལ་འཇལ་དགོས”ཞེས་པར་བཅོས་རྒྱུ།

    (གཉིས)དོན་ཚན་ཉེར་བརྒྱད་པའི་ནང་གསེས་གཉིས་པ་བསུབ་རྒྱུ།

    (གསུམ)དོན་ཚན་ལྔ་བཅུ་པ་བསུབ་རྒྱུ།

    ལྔ། 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ལ་བཟོ་བཅོས་རྒྱག་རྒྱུ།

    (གཅིག)དོན་ཚན་བཅོ་བརྒྱད་པ“ས་ཆུ་ཤོར་སྐྱོན་ཚབས་ཆེན་བྱུང་བ་དང་སྐྱེ་ཁམས་ཉམས་ཞན་གྱི་ས་ཁོངས་སུ་ས་ཆུ་ཤོར་སྐྱོན་འབྱུང་སྲིད་པའི་ཐོན་སྐྱེད་འཛུགས་སྐྲུན་བྱེད་སྒོ་སྤེལ་མི་ཆོག རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་རྒྱལ་ཇུས་དམངས་འཚོར་དགོས་གལ་ཆེ་བའི་དབང་གིས་འཛུགས་སྐྲུན་བྱེད་དགོས་རིགས་ལ་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱེད་དགོས་པ་དང་སྦྲགས། ཁྲིམས་ལྟར་མཆན་འགོད་འགྲོ་ལུགས་གཉེར་ནས་ཟིང་སློང་ཁྱབ་ཁོངས་ལ་ཚོད་འཛིན་ནན་པོ་བྱེད་དགོས”ཞེས་པར་བཅོས་རྒྱུ།

    (གཉིས)དོན་ཚན་ཉི་ཤུ་པའི་ནང་གསེས་གཉིས་པ“ས་ཆུ་སྲུང་འཛིན་ཇུས་གཞིར་སྙན་ཞུའི་ཡི་གེ་དང་སྙན་ཞུའི་རེའུ་མིག་ཅེས་སུ་དབྱེ་ཡོད་པས་ཞིབ་ཕྲའི་བཟོ་འགོད་བླང་བྱ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་ལེན་བསྟར་དགོས”ཞེས་པར་བཅོས་རྒྱུ།

    (གསུམ)དོན་ཚན་ཉེར་གཅིག་པ“ཁྲིམས་ལྟར་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་བཟོ་འགོད་བྱེད་པར། ཐོན་སྐྱེད་འཛུགས་སྐྲུན་ཚན་པས་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ལས་འགོ་མ་བཙུགས་གོང་། ས་ཆུ་སྲུང་འཛིན་གྱི་ཇུས་གཞི་བཟོ་འབུལ་ལེགས་སྒྲུབ་བྱེད་དགོས་པ་མ་ཟད་ཆོག་མཆན་གྱི་འགྲོ་ལུགས་ཀྱང་གཉེར་ཚར་བ་དགོས། ཐོན་སྐྱེད་འཛུགས་སྐྲུན་ཚན་པས་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་བཟོ་འགོད་བྱས་མེད་པའམ་ཡང་ན་ས་ཆུ་སྲུང་འཛིན་གྱི་ཇུས་གཞིར་ཆོག་མཆན་ཐོབ་མེད་ན། ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགོ་འཛུགས་མི་ཆོག”ཅེས་པར་བཅོས་རྒྱུ།

    (བཞི)དོན་ཚན་ཉེར་གསུམ་པ“ས་ཆུ་སྲུང་འཛིན་ཇུས་གཞིར་ཆོག་མཆན་ཐོབ་རྗེས། ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་གནས་ས་དང་། གཞི་ཁྱོན། ས་ཆུ་སྲུང་འཛིན་བྱ་ཐབས་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ན། ཐོན་སྐྱེད་འཛུགས་སྐྲུན་ཚན་པས་ཁྲིམས་ལྟར་ཁ་གསབ་བམ་ཡང་ན་ས་ཆུ་སྲུང་འཛིན་གྱི་ཇུས་གཞིར་བཟོ་བཅོས་བརྒྱབ་ནས་སྔོན་གྱི་ཞིབ་མཆན་སྡེ་ཚན་ལ་ཆོག་མཆན་ཞུ་བར་སྐྱེལ་དགོས”ཞེས་དང་།

    “ས་ཆུ་སྲུང་འཛིན་ཇུས་གཞིར་ཆོག་མཆན་ཐོབ་པའི་ཉིན་ནས་བཟུང་ལོ་3ཐིམ་རྗེས་གཞི་ནས་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགོ་བཙུགས་ན། དེའི་ས་ཆུ་སྲུང་འཛིན་ཇུས་གཞི་ཁྲིམས་ལྟར་སྔོན་མའི་ཞིབ་མཆན་ཚན་པར་བསྐྱར་དུ་ཞིབ་མཆན་འགོད་པར་སྐྱེལ་དགོས”ཞེས་པར་བཅོས་རྒྱུ།

    (ལྔ)དོན་ཚན་ཉེར་ལྔ་པའི་ནང་གསེས་དང་པོ“ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་མ་ཚུགས་གོང་། ཐོན་སྐྱེད་འཛུགས་སྐྲུན་ཚན་པས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་དང་བླང་བྱ་གཞིར་བཟུང་ས་ཆུ་སྲུང་འཛིན་སྒྲིག་བཀོད་ལ་རང་རྟེན་ཞིབ་བཤེར་རྩིས་ལེན་བྱེད་དགོས་པ་དང་། ཞིབ་བཤེར་རྩིས་ལེན་བྱས་འབྲས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། ས་ཆུ་སྲུང་འཛིན་ཇུས་གཞིར་ཞིབ་མཆན་འགོད་མཁན་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས། ས་ཆུ་སྲུང་འཛིན་སྒྲིག་བཀོད་ལ་ཞིབ་བཤེར་རྩིས་ལེན་བྱས་མེད་པའམ་ཡང་ན་ཞིབ་བཤེར་རྩིས་ལེན་ཚད་མ་ལོན་ན། ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་འཛུགས་མི་ཆོག”ཅེས་པར་བཅོས་རྒྱུ།

    དྲུག 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྐྱོན་མི་སྣའི་འགན་སྲུང་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ལ་བཟོ་བཅོས་རྒྱག་རྒྱུ།

    དོན་ཚན་སོ་གསུམ་པའི་ནང་གསེས་གཉིས་པ“དབང་སྐྱོན་མི་སྣའི་ལས་ཞུགས་འགན་སྲུང་མ་དངུལ་བསྡུ་ལེན་དང་། འཇལ་སྤྲོད། བེད་སྤྱོད། དོ་དམ་བཅས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་ལེན་བསྟར་དགོས”ཞེས་པར་བཅོས་རྒྱུ།

    བདུན། 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་རིའི་བདེ་འཇགས་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ལ་བཟོ་བཅོས་རྒྱག་རྒྱུ།

    དོན་ཚན་དྲུག་ཅུ་པ་བསུབ་རྒྱུ།

    བརྒྱད། 《བོད་རང་སྐྱོང་ལྗོངས་ཀྱི་གཏེར་ཁའི་ཐོན་ཁུངས་དོ་དམ་སྲོལ་ཡིག》བཟོ་བཅོས་རྒྱག་རྒྱུ།

    དོན་ཚན་རེ་དགུ་པ་བསུབ་རྒྱུ།

    དགུ 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ལ་བཟོ་བཅོས་རྒྱག་རྒྱུ།

    དོན་ཚན་ཞེ་དགུ་པ་བསུབ་རྒྱུ།

    བཅུ། 《བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ལས་གྲྭའི་དོ་དམ་སྲོལ་ཡིག》ལ་བཟོ་བཅོས་རྒྱག་རྒྱུ།

    དོན་ཚན་སོ་བདུན་པ་བསུབ་རྒྱུ།

    བཅུ་གཅིག 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་བུ་བདེ་སྲུང་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ལ་བཟོ་བཅོས་རྒྱག་རྒྱུ།

    དོན་ཚན་ཉེར་བརྒྱད་པ་བསུབ་རྒྱུ།

    བཅུ་གཉིས། 《བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་ཁོར་ཡུག་དོ་དམ་སྲོལ་ཡིག》ལག་ལེན་བསྟར་མཚམས་འཇོག་རྒྱུ།

    གཏན་འབེབས་འདི་2025ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

    《བོད་རང་སྐྱོང་ལྗོངས་ཀྱི་ཐོག་འགོག་དང་གནོད་འཚེ་ཉུང་གཏོང་སྲོལ་ཡིག》དང་། 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྐྱོན་མི་སྣའི་འགན་སྲུང་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་རིའི་བདེ་འཇགས་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་གཏེར་ཁའི་ཐོན་ཁུངས་དོ་དམ་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ལས་གྲྭའི་དོ་དམ་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་བུ་བདེ་སྲུང་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》བཅས་ལ་གཏན་འབེབས་འདི་གཞིར་བཟུང་དེ་མཚུངས་ཀྱི་བཟོ་བཅོས་རྒྱག་རྒྱུ་དང་འབྲེལ་དོན་ཚན་གྱི་གོ་རིམ་ཡང་དེ་མཚུངས་ཀྱིས་ལེགས་སྒྲིག་བྱས་ནས་བསྐྱར་དུ་ཡོངས་བསྒྲགས་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།