དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་འཛུགས་སྐྱོང་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་པ།

    ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-27

     ཚེས་25ཉིན། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་འཛུགས་སྐྱོང་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ལིའུ་ཨའེ་ལི་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ང་ཚོས“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”བློ་དཀར་སེམས་དཀར་གྱིས་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་ལ་དམིགས་པ་དང་བོད་ལ་གཞི་ཚུགས་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་སྒོ་དབྱེ་དམངས་ཕན་དང་། ལེགས་བསྡུས་མཉམ་སྤྱོད། བདེ་འཇགས་ནུས་ཆེ། ཕྱོགས་གཉིས་ཐོགས་མེད་བཅས་ཀྱི་ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་གང་མགྱོགས་འཛུགས་སྐྱོང་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། བསྐུར་སྐྱེལ་ཟོག་འགྲེམས་ནི་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པའི“ཁྲག་རྩ་ཕྲ་མོ”ཞིག་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་རམ་འདེགས་བྱེད་པའི“སྒུལ་ཤུགས་གལ་ཆེན”ཞིག་རེད། ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་ནི་མ་ལག་གི་འདུ་འགོད་དང་ཕན་སྦྱར་གྱི་འདུ་འགོད་ཅིག་ཡིན་པས། ཆབ་སྲིད་ཀྱི་རྩིས་ཐོ་དང་། དམངས་འཚོའི་རྩིས་ཐོ། དམངས་སེམས་ཀྱི་རྩིས་ཐོ་བཅས་མང་ཙམ་རྩིས་དགོས། རྨང་གཞི་སྲ་བརྟན་དང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། སྲིད་ཇུས་དང་། སྒྲིག་བཀོད། ལག་རྩལ། ཤེས་ལྡན་པ་བཅས་ཀྱི་འདེགས་སྐྱོར་བཞི་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་གཞུང་དང་། ཁེ་ལས། ཁྲོམ་ར་བཅས་ཕྱོགས་གསུམ་མཉམ་འགུལ་བྱེད་པ། “སྦྲག་སྲིད་མྱུར་སྐྱེལ”དང“བསྐུར་མ་མགྱོགས་སྐྱེལ”“སྦྲག་སྲིད་མྱུར་ཚོང”“འགྲུལ་ཟོག་སྦྲག་སྐྱེལ”བཅས་མཉམ་ལས་བྱེད་སྟངས་བཞི་གསར་གཏོད་བྱེད་པ། ཆ་འཕྲིན་དང་། གསོ་སྦྱོང་། དངུལ་རྩ་བཅས་ཞབས་ཞུ་ཁག་གསུམ་ཞིབ་ཚགས་སུ་བཏང་སྟེ། མྱུར་སྐྱེལ་གྲོང་གསེབ་ཏུ་སྐྱེལ་བའི“མཐའ་མའི་འགག་གནད”དང་ཞིང་ལས་ཁྱད་ལྡན་ཐོན་རྫས་གྲོང་ཚོ་ནས་ཐོན་པའི“ཆེས་ཐོག་མའི་འགག་གནད”ནུས་ཤུགས་ཡོད་རྒུས་གཤོང་དགོས། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་འདོམས་མཐུན་སྦྱོར་བྱས་ནས། འགན་འཁྲི་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། ལམ་སྲོལ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་འགན་སྲུང་བྱེད་པ། དྲིལ་བསྒྲགས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་མཉམ་ཤུགས་སྒྲིལ་བ། ལྟ་སྐུལ་མཛུབ་ཁྲིད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཕན་འབྲས་དངོས་ཐོན་པ་བཅས་བྱེད་པ་དང་། འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ཞིང་འབྲོག་ཁུལ་གྱི་ཟོག་འགྲུལ་མ་ལག་འཛུཌ་སྐྱོང་གི“འཁོར་རྒྱུག་ཆུང་ངུར”བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། བྱ་སྤྱོད་དངོས་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།

    ལིའུ་ཨའེ་ལི་ཡིས་གསུངས་དོན། སྦྲག་སྲིད་ཀྱིས་ཟོག་འགྲུལ་དང་། ཚོང་འགྲུལ། དངུལ་འགྲུལ། འཕྲིན་འགྲུལ་བཅས“འགྲུལ་བཞི་གཅིག་སྒྲིལ”གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་འབྲེལ་མཐུད་ཧུར་ཐག་བྱེད་པ་དང་། ཞིང་ལས་ཐོན་རྫས་རྟེན་གཞི་དམ་འཛིན་བྱ་གཞིར་བྱེད་པ་དང་། རིམ་གསུམ་ཟོག་འགྲུལ་མ་ལག་འདེགས་སྐྱོར་དུ་བྱེད་པ། སྤྱི་ཕན་དངུལ་རྩ་འགན་སྲུང་དུ་བྱེད་པ་བཅས་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་པ། ཟོག་འགྲུལ་དཀའ་བ་དང་། ཕྱིར་འཚོང་དཀའ་བ། མ་དངུལ་བསྡུ་སྒྲིལ་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།