2025ལོའི་བོད་རང་སྐྱོང་ལྗོངས་ཀྱི“རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་ཚན་རྩལ་ལས་དོན་པའི་ཉིན་མོའི”བྱེད་སྒོ་འགོ་ཚུགས་པ།
ཟླ་5ཚེས་24ཉིན“བློ་རྩ་བརྟན་པོས་གསར་གཏོད་འཕེལ་རྒྱས་གཏོང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད། —— རྟེན་འབྲེལ་ཆེ་མོར་བསུ་བ་ཞུ། ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ། མཉམ་དུ་འབད་འབུངས་མདུན་སྐྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་བོད་རང་སྐྱོང་ལྗོངས་ཀྱི“རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་ཚན་རྩལ་ལས་དོན་པའི་ཉིན་མོའི”བྱེད་སྒོ་འགོ་ཚུགས་པའི་མཛད་སྒོ་ནག་ཆུ་གྲོང་ཁྱེར་གྱི་ལྟེ་བའི་ཐང་ཆེན་དུ་འཚོགས་པ་རེད།
2025ལོའི་བོད་རང་སྐྱོང་ལྗོངས་ཀྱི“རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་ཚན་རྩལ་ལས་དོན་པའི་ཉིན་མོའི”བྱེད་སྒོ་ནི་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་ཚན་རྩལ་ཐིང་། རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།