དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་སྣེ་ཁྲིད་དེ་སྲིད་གཙང་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་མཉམ་སྡེབ་གཟིགས་སྐོར་གནང་བ།

    ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་བཅས་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-24

    འདི་ནི་ཟླ་5ཚེས་21ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་སྣེ་ཁྲིད་དེ“ཉེ་འགྲམ་གནས་ཚུལ་གྱིས་ཉེ་འགྲམ་མི་ལ་སློབ་གསོ་གཏོང་བའི”རང་སྐྱོང་ལྗོངས་ཀྱི་སྲིད་གཙང་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།

    ཟླ་5ཚེས་21ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་སྣེ་ཁྲིད་དེ“ཉེ་འགྲམ་གནས་ཚུལ་གྱིས་ཉེ་འགྲམ་མི་ལ་སློབ་གསོ་གཏོང་བའི”རང་སྐྱོང་ལྗོངས་ཀྱི་སྲིད་གཙང་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་མཉམ་སྡེབ་གཟིགས་སྐོར་གནང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བསྐྱར་དྲན་དང་ས་གནས་ས་ཐོག་ཏུ་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་དང་ལེན་དང་། གྱོད་དཔེ་དཔྱད་གཞིར་འཛིན་པ་དང་གྱོད་དཔེ་དྲངས་ནས་ཉེན་བརྡ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་ཡོང་བ་བྱས་པ་རེད།

    ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཞུགས་ཡོད་པ་རེད།

    གཟིགས་སྐོར་མཇུག་འགྲིལ་རྗེས། ཝང་ཅུན་ཀྲེང་གིས་ཕྱོགས་སྡོམ་གཏམ་བཤད་གནང་ཞིང་། ཁོང་གིས་ད་ཐེངས་སྲིད་གཙང་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་མཉམ་སྡེབ་ལྟ་སྐོར་བྱེད་དོན་ནི། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྔར་བས་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བསམ་བློ་ཆབ་སྲིད་དང་བྱ་སྤྱོད་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ནན་པའི་རྩ་བའི་དགོངས་གཞིར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས་ཤིང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་གནད་དོན་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་དམིགས་ཡུལ། རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་བཅས་ལ་དམ་པོར་དམིགས་པ། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ“འགོ་གཙོ་དང་པོར”ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་གཏིང་ཟབ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་མཐའ་འཁྱོངས་བྱེད་དགོས་ཤིང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཐོག་ཏང་སྲོལ་སྲིད་གཙང་གི་སློབ་གསོ་དང་ཉེན་ཟོན་སློབ་གསོ་རྒྱུན་དུ་སྤེལ་ནས་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་བཅས་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ཏེ་དགོས་པའི་ལས་མི་བྱེད་པ་དང་། མི་དགོས་པའི་ལས་རྙོག་བཟོ་བ། ལས་འགྱངས་གཏོང་བ་བཅས་ཀྱི་སྣང་ཚུལ་གཅིག་སྡུད་ཐོག་ཐག་གཅོད་བྱེད་དགོས། ལྟ་སྐུལ་གྱོད་སྒྲུབ་ཀྱི་གྲུབ་འབྲས་བེད་སྤྱོད་གང་ལེགས་གཏོང་དགོས་ཤིང་། སྲིད་གཙང་སློབ་གསོའི་རྟེན་གཞི་སྣ་ཚོགས་རྒྱུན་མཐུད་བེད་སྤྱོད་ཡག་པོ་བཏང་ནས་སྲིད་གཙང་རིག་གནས་ཀྱི་སློབ་གསོའི་ནུས་པ་གང་ལེགས་འདོན་པ་དང་ཉེན་ཟོན་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་ཐོགས་རང་བཞིན་ཆེ་རུ་བཏང་ཐོག ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་བརྒྱབ་སྟེ་རྨོངས་གཉིད་ལས་སད་དུ་འཇུག་པ་དང་། གྱོད་དཔེ་དྲངས་ནས་ཉེན་བརྡ་གཏོང་བ་དང་གྱོད་དཔེར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ། གྱོད་དཔེར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པ་ཚོར་གྱོད་དཔེའི་ཁྲོད་ནས་བསླབ་བྱ་ཟབ་མོ་ཐོབ་པར་བྱས་ཐོག ཁེངས་སྐྱུངས་རང་དཔྱོད་དང་། གཅིག་ཤེས་ཀུན་གྲོལ། ཉེན་བརྡ་རྒྱུན་གཏོང་བཅས་བྱ་རྒྱུའི་སྣེ་ཁྲིད་བྱེད་པ་དང་། ཏང་ཡོན་ལས་བྱེད་པའི་སྒྲིག་བཀུར་ཁྲིམས་སྲུང་གི་འདུ་ཤེས་དང་རུལ་རྒོལ་འགྱུར་ཟོན་གྱི་ནུས་པ་ཆེ་རུ་བཏང་སྟེ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་མུ་མཐུད་བརྟན་དུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “འགག་རྩའི་ཉུང་ཤས”ཡིན་པའི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་བོད་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ནུས་པ་གལ་ཆེན་འདོན་བཞིན་ཡོད། སྣེ་ཁྲིད་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཤིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ། སྒྲིག་ཁྲིམས་དང་སྒྲིག་ལམ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་རྩ་བ་དེར་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་ནན་པོ་བྱེད་པ་དང་། ལམ་ལུགས་དང་སྒྲིག་ལམ་གྱི་རླུང་ཙེ་ཚགས་དམ་དུ་གཏོང་བ། སྦྱོང་བཤེར་བཅོས་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱོད་ཚུལ་ཐད་ཀྱི་བླང་བྱ་ནན་པོ་དག་བྱེད་ཐབས་ནན་པོར་སྒྱུར་བ་དང་སྒྲིག་ལམ་དམ་ནན་གྱི་ནན་གོ་ཆོད་པར་བྱེད་དགོས། སྣེ་ཁྲིད་དེ་ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་འཛུགས་པ་དང་ལག་བསྟར་བྱེད་དགོས་ཤིང་། སྤྱི་དང་སྒེར་དང་། དབང་ཆ་དང་འགན་འཁྲི། འཕྲལ་དང་ཕུགས། རང་གཅུན་དང་གཞན་འདོམས། མཐའ་ཚད་དང་མཐོ་ཚད་བཅས་དབར་གྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པར་བྱེད་པ་དང་། དབང་ཆ་མཐའ་དག་མི་དམངས་ཀྱིས་སྤྲད་པ་ཡིན་པར་ངོས་འཛིན་གསལ་པོ་ཐུབ་པར་བྱས་ཐོག དུས་དང་རྣམ་པ་ཀུན་ཏུ་དབང་ཆ་དག་མི་དམངས་མང་ཚོགས་ལ་དཀའ་ངལ་ཐག་གཅོད་དང་། བྱ་བ་དངོས་སྒྲུབ་པ། བྱ་བ་བཟང་པོ་སྒྲུབ་པ་བཅས་ཀྱི་ཐད་སྤྱད་ནས་དབང་ཆ་དྲང་པོ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་ཏན་ཏིག་ཐུབ་པར་བྱེད་དགོས། སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་ཤིང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས”རང་རྟོགས་ངང་སྒྲུབ་པ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་སྲུང་རགས་བརྟན་དུ་བཏང་སྟེ། ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་རིགས་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་རིགས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་རིགས་མཐའ་གཅིག་ཏུ་མི་བྱེད་པ་བཅས་ཐུབ་པར་བྱེད་དགོས། སྣེ་ཁྲིད་དེ་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས་ཤིང་། རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ཐོག ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་བཅས་དོན་འཁྱོལ་ནན་པོ་བྱས་ཏེ། ཏང་ཡོན་ལས་བྱེད་པ་ཡོངས་ལ་འགན་འཁྲི་འཁུར་ཕོད་པ་དང་། དམ་པ་དོན་གཉེར། དངོས་འཛིན་དངོས་སྒྲུབ་བཅས་བྱེད་པའི་སྐུལ་ཁྲིད་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།