དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རེན་ཝེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-23

    ཚེས་20ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལ་ཞིབ་འཇུག་དང་། སྲིད་ཇུས་དང་བྱེད་ཐབས་ཞིབ་ཕྲ་བཟོས་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    རེན་ཝེ་ཡིས། འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ཀྱི་ལས་ཀའི་བླང་བྱ་དང་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་ཡོང་བར་བྱེད་པ། དཔལ་འབྱོར་འཕར་སྣོན་ཐད་ཀྱི་འཛད་སྤྱོད་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བར་ཤུགས་རྒྱག་པ། རང་ལྗོངས་ཀྱི་འཛད་སྤྱོད་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་དེ་བས་ཆེ་བའི་ཐོག་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ནང་མཁོ་རྒྱ་སྐྱེད་གཏོང་བ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས་ཞེས་གསུངས་པ་རེད།

    རེན་ཝེ་ཡིས། བོད་ཀྱི་ཁྲོམ་ར་སྐྱེད་སྲིང་བྱེད་པའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་དམིགས་ནས་འཛད་སྤྱོད་ཀྱི་སྲིད་ཇུས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱེད་པ། ཡུལ་དེ་གའི་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ། ཕྱི་ཕྱོགས་འཛད་སྤྱོད་འགུག་པ། རྩེར་སོན་འཛད་སྤྱོད་སྐྱེད་སྲིང་བཅས་བྱས་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་འཛད་སྤྱོད་སྐུལ་སྤེལ་དང་དམངས་འཚོར་ཕན་འདོགས་པ་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་གློག་སྡོང་དང་བྲིན་ཚོང་འཁྲུག་སའི་རླངས་འཁོར་འཇོག་ས་སོགས་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་ཐག་གཅོད་ནུས་ལྡན་བྱས་ཏེ། འཛད་སྤྱོད་མཛའ་མཐུན་ཅན་གྱི་གྲོང་ཁྱེར་སྐྲུན་དགོས། མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་མཐོ་རུ་གཏོང་བ་དང་། ནོར་ཁྲལ་དང་། དངུལ་རྩ། ཐོན་ལས། མ་འཇོག་སོགས་ཀྱི་སྲིད་ཇུས་དང་འཛད་སྤྱོད་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། མང་ཚོགས་ཀྱི་འཛད་སྤྱོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འགན་འཁྲི་ནན་དུ་གཏོང་བ་དང་སྡེ་ཚན་དབར་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ། ནུས་ཤུགས་ཡོད་རྒུས་སྲིད་ཇུས་དང་བྱེད་ཐབས་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།