རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་དཀའ་བའི་མཐུན་སྦྱོར་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་འདུ་འཚོགས་པ།
ཚེས་20ཉིན། རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་དཀའ་བའི་མཐུན་སྦྱོར་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་པ་རེད།
ཀྲུའུ་ཧྲོའུ་ཁོ་ཡིས་གནས་ཚུལ་བརྡ་ཁྱབ་བཏང་བ་དང་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་2024ལོའི་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་དཀའ་བའི་ལས་དོན་ཕྱོགས་སྡོམ་བྱས་པ་དང་མིག་སྔ་དང་དེ་བཞིན་དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་དང་བྱེད་ཐབས་ཞིབ་འཇུག་བཀོད་སྒྲིག་བྱས་ཤིང་། ན་ནིང་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་དང་ལག་བསྟར་མཉམ་འགུལ་ཚན་པས་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ཆེས་མཐོའི་ཁྲིམས་ཁང་གིས་གཤམ་སྤྲོད་བྱས་པའི་ལག་བསྟར་ལས་འགན་ལེགས་སྒྲུབ་བྱས་པ་དང་། ལྟེ་བའི་དམིགས་ཚད་ཁག་བཞིའི་ནང་ནས་ཁག་གསུམ་ཆེས་མཐོའི་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་ལུགས་མཐུན་གྱི་ཚད་གཞི་ལས་ལེགས་པ་ཡོད་པ་དང་ཁག་གཞན་རྣམས་ཀྱང་ལུགས་མཐུན་ཁྱབ་ཁོངས་སུ་གནས་ནས་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ཅེས་བསྟན་པ་རེད།
ལིའུ་ཅང་གིས“ལག་བསྟར་དཀའ་བ་ཐག་གཅོད་ཏན་ཏིག་བྱེད་པའི”དམིགས་ཚད་ལ་དམིགས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་དཀའ་བ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས། ཕྱི་ནང་མཉམ་འདྲེས་རྒྱུན་འཁྱོངས་བྱས་ནས་ལག་བསྟར་མཉམ་འགུལ་གྱི“བསམ་ཇུས་གཅིག”ཡག་པོ་བཟོས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་དཀའ་བའི་ལས་ཀའི་རྣམ་པ་ཆེན་པོ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་དང་སྒྱུར་བཅོས་གཏིང་ཟབ་ཏུ་ཧུར་ཐག་བཏང་སྟེ་ལག་བསྟར་གྱི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་གཏོང་དགོས། ཕྱི་ནང་མཉམ་བཅོས་མཐའ་འཁྱོངས་དང་བཅར་འདྲི་བྱེད་ཁུངས་དང་། གཏུག་བཤེར་གྱི་འབྱུང་རྩ། ལག་བསྟར་བྱེད་ཁོངས་བཅས་མཉམ་དུ་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་ལག་བསྟར་དང་ལེན་མི་བྱེད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། ཁྲིམས་འཛིན་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁ་དན་ཚིག་ལ་མི་གནས་པའི་ལག་བསྟར་བྱ་ཡུལ་གྱིས“ཁ་དན་ཚིག་ལ་མ་གནས་པ་ཐེངས་གཅིག་བྱས་ཚེ་གང་སར་ཚོད་འཛིན་ཕོག་པར”བྱེད་དགོས། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བར་རྒྱུན་འཁྱོངས་དང་། ལག་བསྟར་ལས་དོན་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱལ་ཡོངས་ཁྲིམས་ཁང་གི“དྲ་བ་གཅིག”བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ཏེ་གཙོ་གནད་སྡེ་ཚན་གྱི་གཞི་གྲངས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་ཅན་གྱི་བྱ་ཐབས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ལག་བསྟར་ལས་དོན་དེ་སྲོལ་རྒྱུན་གྱི་མི་ཤུགས་ཀྱིས་སྐུལ་འདེད་གཏོང་བ་ནས་གྲངས་འཛིན་རིག་ནུས་ཀྱིས་སྣེ་ཁྲིད་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལིའུ་ཅང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་དཀའ་བའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ཏེ་ལོ་60འཁོར་བར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།