རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་འབྲུབ་འགོག་ཐན་འགོག་ལས་དོན་ཚོགས་འདུ་འཚོགས་པ།
ཚེས་16ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་བཀོད་འདོམས་དཔོན་དང་པོ་བཅས་ཡིན་པའི་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་འབྲུབ་འགོག་ཐན་འགོག་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རེན་ཝེ་ཡིས་ནན་བཤད་གནང་དོན། མིག་སྔར་རང་ལྗོངས་འདི་ཉིད་འབྲུབ་དུས་གཙོ་བོའི་དུས་སྐབས་སུ་སླེབས་ཡོད་པས། ས་གནས་ཁག་དང་སྡེ་ཚན་ཁག་གིས་འབྲུབ་འགོག་ཐན་འགོག་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། གཙོ་གནད་ཁུལ་གྱི་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་ཚོད་24ཡི་རིང་གི་ལས་རེས་དང་ལས་སྒྲུབ་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། ཉེན་གཡོལ་རོགས་སྐྱོབ་ཀྱི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ནས་ད་ལོའི་འབྲུབ་འགོག་ཐན་འགོག་གི་རང་འགུལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་དང་། འགྲོ་ལམ་སྐྱེལ་འདྲེན་དང་ཨར་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི“དོན་དག་གཅིག”གི་འཁོར་འབྲེལ་ཧྲིལ་པོ་བཅོས་སྒྲིག་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བདེ་འཇགས་འགོག་ཟོན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། བདེ་འཇགས་ཀྱི་དོན་རྐྱེན་ཆེན་པོ་དང་དོན་རྐྱེན་ཚབས་ཆེན་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས།