དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བསོད་ནམས་ཉི་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་གྱི་ལས་དོན་་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-19

    ཚེས་15ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མ་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ (སྲིད་འཛིན་སློབ་གླིང) དང་། ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སློབ་ཆེན། བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་སུ་ཕེབས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་སྟེ། འབྲེལ་ཡོད་ཀྱི་འགན་འཁུར་བློ་མཐུན་དང་རིགས་གཅིག་མཁས་ཅན་དང་བཞུགས་མོལ་གནང་ནས་བསམ་འཆར་དང་གྲོས་འགོ་གསན་པ་དང་འབྲེལ་གཙོ་གནད་ལས་དོན་ལ་སྐུལ་འདེད་ཀྱང་བཏང་གནང་བ་རེད།

    བསོད་ནམས་ཉི་མས། རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་། དྲིལ་བསྒྲགས། འཆད་འགྲེལ་བཅས་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། དགོངས་པ་གལ་ཆེན་དང་། རྣམ་བཤད་གལ་ཆེན་མི་སེམས་ལ་ཟུག་པ་དང་གཏིང་ཟབ་དང་ཏན་ཏིག་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་དང་། གཞི་རྩའི་རང་བཞིན་གྱི་གནད་དོན་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས། བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་། བོད་ཀྱི་མི་རིགས་ཁག་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཆ་ཤས་ཤིག་ཡིན་པ་བདེན་ཡོད་ཁུངས་ལྡན་གྱི་སྒོ་ནས་འགྲེལ་བཤད་ཁ་གསལ་རྒྱག་དགོས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་འཐུས་སྒོ་ཚང་བའི་ཀྲུང་ཧྭ་མི་རིགས་ཀྱི་བོད་ཀྱི་ལོ་རྒྱུས་ཀྱི་རྒྱུ་ཆའི་མ་ལག་ཅིག་གང་མགྱོགས་གཏོད་དགོས། ཞིབ་འཇུག་གི་གྲུབ་འབྲས་གང་ལེགས་སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་རྒྱ་ཁྱབ་ཀྱི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།