དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ཞེ་བརྒྱད་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-17

    ཚེས་15ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ཞེ་བརྒྱད་པ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་མཚན་དང་། ལིའུ་པོ་ཁྲེང་། སུན་ཤན་ཀྲུང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་ལས་རིམ་བཀོད་སྒྲིག་ལ་ཞིབ་འཇུག་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པ་ཟླ་5པའི་ཟླ་སྨད་དུ་འཚོག་རྒྱུའི་གཏན་འབེབས་བྱས་ཡོད། གྲོས་འགོའི་གྲོས་རིམ་ནང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱ་རྒྱུ་དང་། 《〈བོད་རང་སྐྱོང་ལྗོངས་ཀྱི་ཐོག་འགོག་དང་གནོད་འཚེ་ཉུང་གཏོང་གི་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་10ལ་བཟོ་བཅོས་རྒྱག་རྒྱུ་དང〈བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་ཁོར་ཡུག་དོ་དམ་སྲོལ་ཡིག〉མེད་པར་བཟོ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ།

    《བོད་རང་སྐྱོང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱ་གྲམ་དམར་རྟགས་ཚོགས་པའི་བཅའ་ཁྲིམས〉ལག་བསྟར་བྱེད་པའི་བྱ་ཐབས(བཟོ་བཅོས་འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་དང《བོད་རང་སྐྱོང་ལྗོངས་ཀྱི་ཐིག་ལེན་རིས་འབྲིའི་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། 《〈ལྷ་ས་གྲོང་ཁྱེར་གྱིས་བཟོས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲོལ་ཡིག〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང《ལྷ་ས་གྲོང་ཁྱེར་གྱི་ཁུལ་ཡོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》《〈གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྒྱུར་ཞིབ་བཤེར་བྱ་ཐབས〉བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག》《ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་སྒྲིག་སྲོལ》《ཆབ་མདོ་གྲོང་ཁྱེར་གྱི་ས་གནས་ཁྲིམས་འཛུགས་སྲོལ་ཡིག》བཅས་ལ་ཞིབ་བཤེར་བྱ་རྒྱུ། 2024ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་། ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་གྲུབ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་དེ་བཞིན་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། མི་དོན་བསྐོ་འཐེན་སོགས་ཀྱི་དོན་གནད་ལ་གྲོས་ཞིབ་བྱ་རྒྱུ་བཅས་ཚུད་ཡོད་པ་རེད།

    ཚོགས་འདུར《〈ལྷ་ས་གྲོང་ཁྱེར་གྱིས་བཟོས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲོལ་ཡིག〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་། 《ལྷ་ས་གྲོང་ཁྱེར་གྱི་ཁུལ་ཡོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ། 《ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་སྒྲིག་སྲོལ》ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ། 《ཆབ་མདོ་གྲོང་ཁྱེར་གྱི་ས་གནས་ཁྲིམས་འཛུགས་སྲོལ་ཡིག》ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་བཅས་གསན་པ་དང་། ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་བརྟག་ཞིབ་ཚོགས་ཆུང་གི་བརྟག་ཞིབ་སྙན་ཞུ་གསན་པ་རེད།

    ཚོགས་འདུར་ནན་བཤད་བྱས་དོན། ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩ་དེར་དམ་འཛིན་བྱས་ཏེ་ཆུས་བཙུགས་པའི་གྲོང་ཁྱེར་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་འགོད་པ་དང་། རིགས་པས་ཁུངས་སྐྱེལ། གྲོས་ཞིབ་སོགས་ལྷུ་ཚིགས་ཐད་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་གྱི་འགག་སྒོ་ནན་པོ་སྲུང་བ། ཆུས་བཙུགས་པའི་གྲོང་ཁྱེར་གྱི་ཁྲིམས་འཛུགས་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། གཅིག་སྡུད་བཅོས་སྒྲིག་ལ“སླར་ཡང་ལོ་གཉིས་དམ་འཛིན་བྱེད་པའི”བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་དང་དམངས་འཚོའི་འགག་གནད་དང་དཀའ་གནད་ལ་དམིགས་ཏེ་ཚུགས་གནས་མཐོ་རུ་གཏོང་བ་དང་། བྱ་ཐབས་གསར་གཏོད་བྱེད་པ། མཉམ་སྒུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པ། ཆེད་དོན་བརྟག་ཞིབ་དང་། ཁྲིམས་འཛིན་ཞིབ་བཤེར། ཆེད་དོན་འདྲི་རྩད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གཅིག་སྡུད་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།