བོད་རང་སྐྱོང་ལྗོངས་ཀྱི་2025ལོའི“ཀྲུང་གོའི་མི་བཟང་མིང་ཐོ”ཁག་གཉིས་པའི་འོས་མི་ཡོངས་བསྒྲགས་བྱས་པ།
ཀྲུང་གོ་ཤེས་དཔལ་དྲ་བའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་གིས་སྣེ་ཁྲིད་དེ་ལྗོངས་ཡོངས་སུ་2025ལོའི“ཀྲུང་གོའི་མི་བཟང་མིང་ཐོ”ཁག་གཉིས་པའི་འོས་མི་འོས་སྦྱོར་དཔྱད་འདེམས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། རིམ་པ་བཞིན་འོས་སྦྱོར་དང་ཞིབ་བཤེར་ནན་པོ་བྱས་པ་བརྒྱུད། གཤམ་གསལ་གྱི་འོས་མིའི་མིང་ཐོ་འོས་འདེམས་བྱས་ནས་ཀྲུང་གོ་ཤེས་དཔལ་དྲ་བར་འབུལ་རྩིས་ཡོད་པས། ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན།
བསམ་གྲུབ། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སློབ་འབྲིང་དང་པོའི་རྒན་ཡོལ་ཞུས་པའི་དགེ་རྒན།
བྱང་ཆུབ་ལྷ་མོ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཁྲ་མོ་གླིང་ཤང་སྡིག་ཐ་གྲོང་ཚོའི་གྲོང་མི།
ལི་ཡོན། གཞིས་རྩེ་རྒྱལ་གྲོགས་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ།
པ་སངས་དོན་གྲུབ། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་སྐྱིད་གྲོང་རྫོང་ཡན་ལག་ཀུང་སིའི་ཡིག་སྐྱེལ་བ།
ལྷ་མོ། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་པ་ས་གྲོང་ཚོའི་གྲོང་མི།
བསྟན་འཛིན་ཆོས་གྲགས། བོད་ལྗོངས་སྙེ་མོ་གནའ་ནོར་ཚོང་དོན་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་།
ལན་ཐིང་། བོད་ལྗོངས་མཁའ་འགྲུལ་གྱི་འགྲུལ་ཞབས་པ།
བསྟན་འཛིན་དོན་གྲུབ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན་དང་དྲག་ཆས་པུའི་པུའུ་ཀྲང་།
སྤྱི་ཚོགས་ལས་རིགས་ཁག་གིས་ལྟ་སྐུལ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། གལ་ཏེ་བསམ་འཆར་དང་གྲོས་འགོ་ཡོད་ན། 2025ལོའི་ཟླ་5ཚེས་18ཉིན་གོང་རང་མིང་བཀོད་ནས་རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་ལ་གོང་ཞུ་གནང་རོགས།
ཁ་པར། 0891-6320855 (15608915868)
ས་གནས། ལྷ་ས་གྲོང་ཁྱེར་ཅང་སུའུ་ལམ་སྒོ་རྟགས་དང་པོ།
བོད་རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་།
2025ལོའི་ཟླ་5ཚེས་15ཉིན།