བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།
ཟླ་5ཚེས་13ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་དང་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས(ལས་རིགས་སློབ་གྲྭ་གཉིས་པ)སྒྲུབ་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར(ལས་རིགས་སློབ་གྲྭ་གཉིས་པ)གཉེར་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་དེ་ཟླ་5ཚེས་18ཉིན་བར་གཉེར་རྒྱུ་མ་ཟད། རྩལ་ནུས་འགྲན་བསྡུར་ཆེ་མོ་དང་། ལས་རིགས་སློབ་གསོའི་གླེང་སྟེགས། སློབ་གྲྭའི་སྒོ་དབྱེའི་ཉིན་མོ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།