ཀརྨ་ཚེ་བརྟན་གྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁོངས་གཏོཌ་ཏང་ཀྲི་པུའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་པ།
ཚེས་14ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁོངས་གཏོགས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་མཉམ་འབྲེལ་ཏང་ཀྲི་པུའུ་དང་པོའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་ནས་ཀྲི་པུའུ་ཡི་ཁོངས་མི་དང་སྙིང་གཏམ་ཤོད་རེས་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། སྲིད་གཞུང་གཞུང་དོན་ཐིང་གིས་སྤྱི་འདོམས་མཐུན་སྦྱོར་དང་། ཇུས་འདོན་རམ་འདེགས། ལྟ་སྐུལ་ཞིབ་བཤེར། ཞབས་ཞུ་འགན་ལེན་སོགས་ཀྱི་འགན་ནུས་གལ་ཆེན་འཁུར་བཞིན་ཡོད་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འགན་འཁྲི་གསར་པ་དང་། ལས་རྗེས་གསར་པ། རྣམ་པ་གསར་པ་བཅས་དེ་བས་ཡོད་དགོས། “སྲུང་སྐྱོང་གཉིས”ཐུབ་པའི་ཐད་དཔེ་དམག་བརྩོན་ལེན་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དང“མཐའ་འཁྱོངས་ལྔ”ལག་ལེན་གཏིང་ཟབ་བསྟར་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་རྩ་བ་ཚུགས་ཤིང་ཕན་འབྲས་དངོས་ཐོན་པར་དེ་བས་ལེགས་པའི་ཞབས་འདེགས་ཞུ་དགོས། རང་རྟོགས་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་དཔེ་དམག་བརྩོན་ལེན་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་བྱ་ཐབས་གལ་ཆེན་དང་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། དུས་ཐོག་ཏུ་གནས་ཚུལ་སྙན་སེང་ཞུ་བ། རྗེས་སྙེག་སྒྲུབ་གཉེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་ཐུགས་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བའི་ཐད་དཔེ་དམག་བརྩོན་ལེན་བྱས་ནས། ཚེ་གང་སློབ་སྦྱོང་གི་འདུ་ཤེས་བརྟན་པོ་བཙུགས་ཏེ་སློབ་སྦྱོང་བྱེད་ནུས་དང་། དབྱེ་འབྱེད་བྱེད་ནུས། གོ་བ་ལེན་ནུས། ཇུས་འདོན་བྱེད་ནུས། སྤྱི་འདོམས་བྱེད་ནུས་བཅས་ཆེ་རུ་དང“ཞབས་ཞུ་གསུམ”གྱི་ཆུ་ཚད་མཐོ་རུ་བཏང་ནས། གཞུང་དོན་ཐིང་གི་ལས་ཀའི་སྤུས་ཚད་མཐོ་ཞིང་ལས་ཕྱོད་ཆེ་བའི་འཁོར་རྒྱུག་ལ་བརྟེན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་དང་ཞབས་འདེགས་ཞུ་དགོས། ལག་བསྟར་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐད་དཔེ་དམག་བརྩོན་ལེན་བྱས་ནས། ཚད་གཞི་ཡག་ཐོག་ཡག་བརྩེགས་དང་། རྣམ་འགྱུར་གཟབ་ནན་དང་ཞིབ་ཕྲ། ལམ་སྲོལ་ཚད་ལྡན་དང་འཐུས་ཚང་བཅས་ཐུབ་པར་བྱས་ཐོག ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ཞིབ་ཕྲ་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ“འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ”ཀྱི་སྲིད་གཞུང་ལས་དོན་གྱི་ཆེས་མངོན་གསལ་དོད་པའི་གཞི་མདངས་དེ་གཞུང་དོན་ཐིང་གི་ལས་ཀའི་ཁྲོད་དུ་གང་ལེགས་མངོན་པར་བྱེད་དགོས། གཟུགས་བརྙན་བཟང་པོ་གཏོད་པའི་ཐད་དཔེ་དམག་བརྩོན་ལེན་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལྷག་བསམ་ཟོལ་མེད་དང་སྤྱོད་གཙང་འགན་འཁུར་གྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་གཏོད་དགོས།