དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་དང་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-15

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་དང་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    རྒྱལ་ཁབ་རྩིས་བཤེར་ཧྲུའུ་དཔལ་འབྱོར་འགན་འཁྲི་རྩིས་བཤེར་སིའི་སི་ཀྲང་ཚུའེ་ཀྲེན་ལུང་གིས་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་ལ་དམིགས་ནས་ཆེད་དོན་འཆད་ཁྲིད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་དམིགས་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཏང་གིས་རྩིས་བཤེར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས། རྩིས་བཤེར་ལྟ་སྐུལ་གྱི་འགན་འཁྲི་ཁྲིམས་བཞིན་ལྷག་བསམ་རྣམ་དག་ངང་སྒྲུབ་པ་བཅས་བྱས་ཏེ་རྩིས་བཤེར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། གཙོ་འགན་གཙོ་ལས་ལ་དམིགས་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམ་འཛིན་ནན་པོ་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་བྱེད་ཟབ་ཏུ་གཏོང་བ། དམངས་འཚོ་རྒྱུན་མཐུད་ལེགས་སུ་གཏོང་བ། རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་རྩིས་བཤེར་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། མ་འཇོག་གི་ཕན་འབྲས་ལ་དམིགས་ནས་མ་དངུལ་སྤྱོད་པར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། “མ་དངུལ་བཏང་རིགས་ལ་ཕན་འབྲས་ཡོད་མེད་ངེས་པར་རྩད་གཅོད་དང་། ཕན་འབྲས་མེད་རིགས་ལ་འགན་འཁྲི་ངེས་པར་དུ་བདའ་འདེད་གཏོང་བའི”རྩ་དོན་ལ་གཞིགས་ནས། རྩིས་བཤེར་དང་ནོར་རྩིས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཚད་མཐོའི་འགན་འཁྲི་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་དུས་འཁོར་ཧྲིལ་པོ་དང་འཁོར་འབྲེལ་ཧྲིལ་པོའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་དགོས། གནད་དོན་ཐག་གཅོད་བྱེད་པར་དམིགས་ནས་སྐྱོན་ཆ་ཡོ་བསྲང་དང་སྐྱོན་ཆ་མ་བྱུང་སྔོན་འགོག་དང་། དེང་སྐབས་ཡོ་བསྲང་དང་ཕུགས་ལ་དོ་དམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཉམ་སྒྲུབ་མཉམ་འགུལ་བྱེད་པ། རྩིས་བཤེར་དག་ཐེར་གྱི“སྣ་འདུས་ཐབས་བཟང”ཡག་པོ་སྤྱོད་པ་བཅས་བྱས་ཏེ་ལམ་ལུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་ནུས་ཕྱོད་ལ་རྒྱུན་ཆད་མེད་པར་སྒྱུར་དགོས། སྲིད་གཞུང་གི་འགན་འཁྲིར་དམིགས་ནས་རྩིས་བཤེར་ལྟ་སྐུལ་གྱི་བླང་བྱ་དང་ཕྱོགས་ཡོངས་ནས་དཔེ་བསྡུར་བྱེད་པ་དང་། རིགས་སྣ་དབྱེ་འབྱེད་དང་། རྒྱུད་རིམ་ལྡན་པའི་གསེད་དཀྲོལ། ཚང་བཤེར་ཆད་གསབ་བྱེད་པ། སྲིད་གཞུང་གི་ལས་ཀའི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བའི་འགན་ལེན་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། བདེ་འཇགས་བརྟན་ལྷིང་གི་མཐའ་ཚད་དང་དམར་ཐིག་མཐའ་གཅིག་ཏུ་བསྲུངས་ནས་དམིགས་བསལ་ཚབས་ཆེའི་ལས་འཛོལ་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ནས་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་བོད་ཀྱི་ལེགས་སྐྱེས་དེ་བས་མང་བ་འབུལ་དགོས། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ནས། བརྩེ་སེམས་དང་འགན་འཁྲི་བློ་ལ་འཆང་བཞིན་དམག་མིའི་ཁྱིམ་མི་ལས་ཞུགས་དང་། བུ་ཕྲུག་སློབ་ཞུགས། དཀའ་ངལ་སེལ་རོགས། དམག་ཞབས་ཐིམ་པའི་དམག་མི་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།