དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-14

    ཉེ་དུས། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ《ཞི་ཅིན་ཕིང་གི་དཔལ་འབྱོར་རྩོམ་ཡིག་གཅེས་བཏུས》དེབ་དང་པོ་སློབ་སྦྱོང་ནན་ཏན་བྱས་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་འབྲེལ་ཡོད་ལས་དོན་སོགས་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། 《ཞི་ཅིན་ཕིང་གི་དཔལ་འབྱོར་རྩོམ་ཡིག་གཅེས་བཏུས》དེབ་དང་པོའི་གསུང་རྩོམ་གལ་ཆེན་དེའི་ནང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ནང་དོན་ཕུན་སུམ་ཚོགས་པ་དང་། ཚན་རིག་དང་མཐུན་པའི་མ་ལག ཐོག་མའི་གསར་རྩོམ་རང་བཞིན་གྱི་ལེགས་སྐྱེས་བཅས་བརྒྱུད་རིམ་ལྡན་པའི་ངང་མངོན་ཡོད། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་རང་རྟོགས་ངང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་སྔར་བས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དཔལ་འབྱོར་དུས་བབ་ལ་ཞིབ་འཇུག་དང་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསམ་བློ་གཅིག་གྱུར་དང་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་གཏུག་གི་བསམ་པ་ཆེ་རུ་བཏང་ནས་སྤྱི་འདོམས་དང་། བཀོད་གཏོང་། དབྱེ་ཞིབ་བཅས་ལ་དམ་འཛིན་བྱས་ཏེ། གཙོ་གནད་ལས་འགན་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དམིགས་སའི་རང་བཞིན་གྱི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། དུས་ཚིགས་གཉིས་པའི་དཔལ་འབྱོར་ཚད་གཞི་མཐོན་པོས་འཁོར་རྒྱུག་ཐུབ་པར་འགན་ལེན་བྱེད་པ། རྒྱུ་རྐྱེན་གཙོ་བོར་འགན་སྲུང་དང་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་གྱི་གྲོང་ཁྱེར་ཆེན་པོའི་འཁུར་ལེན་བྱས་རྗེས་འཇོག་པ་དང་གྲངས་གནས་གོང་འཕར་བརྩོན་ལེན་གྱིས“ལྕི་འགན་འཁུར་རྒྱུར”མཐུན་རྐྱེན་སྐྲུན་དགོས། འདུ་ཤེས་གསར་བརྗེས་དང་གོ་སྐབས་དམ་འཛིན་གྱིས་སྲིད་ཇུས་ཀྱི་དམིགས་བསལ་དུས་རིམ་ལ་སྟངས་འཛིན་ཡང་དག་བྱས་ཏེ་རྒྱལ་ཁབ་ཀྱི་འཕར་གྲངས་སྲིད་ཇུས་སྦབ་ཆ་གཅིག་མགྱོགས་མྱུར་དོན་འཁྱོལ་བྱེད་དགོས། ནུས་ལྡན་མ་འཇོག་རྒྱ་ཆེར་ཧུར་ཐག་གཏོང་བ་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ་མཐོང་རྒྱུ་ཡོད་པའི་ལས་འབོར་སྔར་བས་མང་བ་གྲུབ་དགོས། འཛད་སྤྱོད་ཡར་སྐུལ་ལ་དམིགས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཀྱི་གདིང་ཤུགས་འཕེལ་བ་བྱེད་དགོས། དམངས་འཚོ་རྒྱུན་མཐུད་ལེགས་སུ་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས་ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་པོ་ཡོང་བ་བྱེད་དགོས། མཐའ་ཚད་ཀྱི་བསམ་བློར་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་ཐོན་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རང་སྐྱོང་ལྗོངས་རིམ་པའི་ཆེད་དོན་འཆར་འགོད་སྒྲིག་བཟོ་བྱ་རྒྱུ་ནི་ཆབ་སྲིད་རང་བཞིན་དང་། འཐབ་ཇུས་རང་བཞིན། ཚན་རིག་རང་བཞིན་བཅས་ཆེས་ཆེ་བའི་ལས་དོན་ཞིག་རེད། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། སྤྱི་ཡོངས་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། འགག་རྩའི་རང་བཞིན་བཅས་མངོན་གསལ་དོད་དུ་གཏོང་བ། ཞིབ་འཇུག་གཏིང་ཟབ་དང་ཇུས་འགོད་ཞིབ་ཚགས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་གི་དགོངས་དོན་དང་། བོད་ཀྱི་དོན་དངོས། དུས་རབས་ཀྱི་འཕེལ་ཚུལ་བཅས་ལ་དམ་པོར་དམིགས་པ། “ལོ་ལྔ་ཚན་བཅོ་ལྔ་པའི”དགོས་མཁོ་ཆེ་ཤོས་དང་ཞན་ཆ་མངོན་གསལ་དོད་ཤོས་ཀྱི་དུས་མཚམས་རང་བཞིན་གྱི་ལས་འགན་ལ་དམིགས་པ། རྒྱལ་ཁབ་ཀྱི་བཀོད་སྒྲིག་དང་འབྲེལ་མཐུད་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་དོན་ཚན་གལ་ཆེན་དང་འབྲེལ་ཡོད་འཆར་འགོད་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕྱོགས་ཡོངས་འཆར་འགོད་དང་གཙོ་གནད་མངོན་གསལ་དོད་དུ་གཏོང་རྒྱུ་མཐུན་སྦྱོར་བྱེད་པ་དང་དུས་ཡུན་རིང་འབྲིང་གི་དམིགས་ཚད་དང་དུས་ཐུང་གི་དམིགས་ཚད་སྦྲེལ་མཐུད་ཐུབ་པ་བྱེད་དགོས། བློ་བསྡུས་དགེ་འཚོལ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ལ་འཕྲད་པའི་གདིང་རྩའི་གནད་དོན་ལ་དམིགས་ཏེ། བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་གྱིས་སྒྲིག་ཁོངས་འཆར་འགོད་བྱེད་པའི་བརྒྱུད་རིམ་དེ་དམངས་གཙོ་དར་སྤེལ་གཏོང་བ་དང་། ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། ཚན་རིག་དང་མཐུན་པའི་ཇུས་འགོད་བཅས་ཀྱི་བརྒྱུད་རིམ་ཞིག་ཏུ་འགྱུར་བ་བྱེད་དགོས། མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། ཕྱོགས་ཁག་གི་སྟོབས་ཤུགས་ཡག་པོ་སྤྱོད་པ། སྒྲིག་གཞིའི་རྣམ་པ་གསར་གཏོད་བྱེད་པ་བཅས་བྱས་ནས་རྒྱང་ལྟའི་རང་བཞིན་དང་། ཆོག་འཐུས་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ལྡན་པའི་འཆར་འགོད་བཟོ་གང་ཐུབ་བྱས་ཏེ་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་འཆར་གཞི་ཡག་པོ་མཉམ་དུ་འགོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།