ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ཚོགས་འདུ་འཚོགས་པ།
ཝང་ཅུན་ཀྲེང་ཞུགས་ནས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཀརྨ་ཚེ་བརྟན་ཞུགས་པ།
ཟླ་5ཚེས་12ཉིན། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཟླ་5ཚེས་12ཉིན། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཟླ་5ཚེས་12ཉིན། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཞུགས་ནས་གསུང་བཤད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་འགན་གཙང་སྒྲུབ་དང་ཐེག་པ་ཁུར་ལེན། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། དེ་བཞིན་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀརྨ་ཚེ་བརྟན་དང་། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། བསྟན་པ། ཅང་ཝུན་ཕེང་། ལིའུ་པོ་ཁྲེང་། ཀྲའོ་ཕེང་། མོང་ཞའོ་ལིན་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། “གཙོ་གནད་ལས་འགན་ལྔ”དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ཀྱིས་དམ་འཛིན་ཏན་ཏིག་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས།
“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་མང་ཚོགས་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་པར་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ཤུགས་སྣོན་རྒྱག་དགོས། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཟབ་སྦྱོང་མཐིལ་རྟོགས་ཡོང་བར་བྱས་ནས། དེའི་ཁྲོད་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་སྟེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དེ་ཉིད་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ལག་ལེན་གྱི་སྟོབས་ཤུགས་ལ་འགྱུར་བ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ལ་འགྱུར་བར་བྱེད་དགོས། མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆ་དང་མཐོང་ཐོས་ཉན་སྤྲོའི་ཐབས་ལ་བརྟེན་ནས་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས་སྲིད་ཇུས་བཅས་གསལ་པོ་ཤོད་ཐུབ་པ་དང་གསལ་པོ་ཤེས་པ་བྱས་ཏེ། མང་ཚོགས་ཚོས་དངོས་འབྲེལ་གོ་ཐུབ་པ་དང་། དངོས་འབྲེལ་ངེས་ཐུབ་པ། དངོས་འབྲེལ་ཁོང་དུ་ཆུད་པ། དངོས་འབྲེལ་དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས།
སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཚན་རིག་དང་མཐུན་པའི་ལམ་སྲོལ་དང་། རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་དུ་སྒྲུབ་པ་དང་། རྟག་ཏུ་སྒྲུབ་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱེད་དགོས། ཏང་འཛུཌ་སྐྱོང་གི་སྣ་མང་མཉམ་བཅོས་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས། དྲ་མིག་ཅན་གྱི་དོ་དམ་ཞབས་ཞུ་ལེགས་སུ་གཏོང་བར་གཞོགས་འདེགས་བྱེད་པ་དང་། “གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་དོན་འཁྱོལ་ཞིབ་ཚགས་བྱེད་པ། “བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་ཏན་ཏིག་སེལ་བ་དང་འགལ་ཟླ་དང་རྩོད་གཞི་ཆུང་ས་ནས་མེད་པར་བཟོས་ཏེ་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ལ་སྔར་བས་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”དོན་འཁྱོལ་གཏིང་ཟབ་བྱས་ནས“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ“ལོ་རྒྱུས་ལྔ”དང་དེ་བཞིན་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ། ལས་དོན་གྱི་ལམ་སྲོལ་ཁག་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱེད་དགོས།
གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཞིང་འབྲོག་ལས་ཀྱི་ཐོན་འབབ་མང་དུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་གསོན་ཤུགས་འཕེལ་བ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཉིད་ལས་དོན་གྱི་གཙོ་གནད་དུ་བརྩིས་ནས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་དེ་བས་ལེགས་པའི་སྒོ་ནས་སྐོང་བ། དབུལ་ལོག་དང་དབུལ་འགྱུར་བྱེད་སླ་བའི་ཚོགས་སྤྱིར་དམིགས་ནས་བབ་བསྟུན་རྗེས་སྙེགས་དང་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་ཏེ་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མ་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས། ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་སྟེ། ཁྱད་ལྡན་འདེབས་འཛུགས་དང་། གསོ་ཚགས། གྲོང་གསེབ་ཡུལ་སྐོར་སོགས་ཀྱི་ཐོན་ལས་ཡུལ་བབ་དང་མཐུན་པའི་སྒོ་ནས་རྒྱ་སྟོབས་ཆེ་རུ་གཏོང་དགོས། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱེད་པ་དང་། “ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི”བྱ་སྤྱོད་སྤེལ་ནས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྲོལ་བཟང་བ་དང་། ཁྱིམ་སྲོལ་ལེགས་པ། དམངས་སྲོལ་བབ་ཆགས་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་དམངས་འཚོ་སྔར་བས་འགན་ལེན་དང་ལེགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆུང་གྲས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། “ངས་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་པའི”ལག་ལེན་གྱི་བྱེད་སྒོ་དང་གྲོང་སྡོད་ལས་བྱེད་པས་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་དགོས། “ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་ཆེན་པོ”ཏན་ཏིག་བྱས་ཏེ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་དང་ཁ་ཞེ་གཉིས་མེད་ཀྱིས་འབྲེལ་འདྲིས་བྱེད་པ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ནང་སྦྱོང་དང་གངས་འཁྱགས་དང་། ཆུ་ལོག ཆར་ཞོད་བཅས་ཀྱི་གནོད་འཚེ་སྔོན་འགོག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།
ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་བཏང་སྟེ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། གཞི་རིམ་ལ་དམ་འཛིན་ཏན་ཏིག་བྱེད་པའི་སྟོན་ཕྱོགས་གསལ་པོ་བཙུགས་ནས། གཞི་རིམ་ཏང་རྩ་འཛུགས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཀྱིས་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་བཏང་སྟེ་ཏང་རྩ་འཛུགས་འཁོར་སྐྱོད་ལམ་སྲོལ་ཚད་ལྡན་དུ་གཏོང་དགོས། གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་དང་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་གཞོགས་འདེགས་བྱས་ནས། གྲོང་ཚོ་རིམ་པའི་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། ཏང་ཡོན་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་ཧུར་ཐག་སྐྲུན་པ་བཅས་བྱས་ཏེ་གཞི་རིམ་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་གཏོང་དགོས།