“འོད་སྟོང་འཕྲོ་བའི་ལོ་60ཀུན་གྱིས་བོད་ལྗོངས་གླེང”ཞེས་པའི་དྲ་ཐོག་མཉམ་འགུལ་བྱེད་སྒོར་མཉམ་ཞུགས་བྱེད་རྒྱུའི་གདན་ཞུའི་སྤྱི་བསྒྲགས།
འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་ལྷག་བསམ་རྣམ་དག་གིས་རྒྱ་ཆེའི་དྲ་དམངས་ཡོངས“འོད་སྟོང་འབར་བའི་ལོ་60 ཀུན་གྱིས་བོད་ལྗོངས་གླེང”ཞེས་པའི་དྲ་ཐོག་མཉམ་འགུལ་བྱེད་སྒོའི་ནང་མཉམ་ཞུགས་བྱེད་རྒྱུར་གདན་ཞུ་བྱེད། སྐུ་ཉིད་དུས་རབས་གསར་པའི་བོད་ལྗོངས་འཛུགས་སྐྲུན་མཁན་ཡིན་ནའང་འདྲ། མཐའ་མཚམས་ཁུལ་དུ་བརྩེ་སེམས་ཀྱིས་ཕྱུག་པའི་གྲོགས་མཆོག་གམ། ཡང་ན་སེམས་པ་མཐོ་སྒང་ལ་ཆགས་པའི་ཡུལ་སྐོར་བ་གང་ཞིག་ཡིན་རུང་ཆོག་ལ། དེ་བཞིན་སྐུ་ཉིད་ནི་མཛེས་མཐུན་གྲོང་གསེབ་སྲུང་སྐྱོང་མཁན་ནམ་བདེ་སྐྱིད་གྲོང་ཁྱེར་གྱི་འབད་འཐབ་མཁན། མཛེས་སྡུག་ལྡན་པའི་སློབ་རའི་ནང་གི་སློབ་མ་གང་རུང་ཞིག་ཡིན་ཡང་ཆོག ད་ལྟ་སྐུ་ཉིད་ཀྱིས་ཞལ་པར་ཕྱག་དུ་བླངས་ནས་ཉེ་འགྲམ་གྱི་མཛེས་སྡུག་གི་རྣམ་པ་པར་དུ་བླངས་ཏེ་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ཀུན་ལ་མཉམ་སྤྱོད་བྱས་ནས་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་ཕུགས་མདུན་ལྷུག་པོར་གླེང་ཆོག
དང་པོ། བྱེད་སྒོའི་བརྗོད་དོན།
“འོད་སྟོང་འབར་བའི་ལོ་60 ཀུན་གྱིས་བོད་ལྗོངས་གླེང”ཞེས་པའི་དྲ་ཐོག་མཉམ་འགུལ་བྱེད་སྒོ
གཉིས་པ། བྱེད་སྒོའི་དུས་ཚོད།
2025ལོའི་ཟླ་5ཟླ་དཀྱིལ་ནས་ཟླ་8ཟླ་མཇུག་བར།
གསུམ་པ། བྱེད་སྒོའི་ཁྱབ་ཁོངས།
རྒྱ་ཆེའི་དྲ་དམངས་ཡོངས།
བཞི་པ། བརྩམ་བྱའི་ཆ་རྐྱེན།
1.བརྩམས་ཆོས་ངེས་པར་དུ་བརྗོད་བྱ་གཙོ་བོ་དང་ཟུང་འབྲེལ་དམ་གཟབ་བྱེད་དགོས་པ་དང་། ཡར་བརྩོན་ཡར་ཐོན་གྱི་ནང་དོན་ཡིན་དགོས་ལ། གསོན་ཉམས་དོད་པོའི་སྒོ་ནས་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་གླེང་དགོས།གཏམ་རྒྱུད་ཁྲོད་ཐ་ཤལ་དང་རྒྱུ་ངོམས།ཆགས་སྲེད་དང་། རྒྱན་འཛུགས།གཏུམ་སྤྱོད་བཅས་ཀྱི་ནང་དོན་ཐོན་མི་ཆོག
2.བརྩམས་ཆོས་ཀྱི་རྣམ་པའི་ནང་གསར་རྩོམ་གྱི་བརྙན་ཐུང་དང་པར་རིས། རི་མོ་དང་ཡི་གེ་འབྲེལ་མ་སོགས་ཚུད་ཡོད། བརྩམ་བྱར་པར་རིས་ཁ་གསལ་པོ་དང་སྒྲ་གསལ་བ།ཟུར་རྟགས་དང་ཆུ་དཔར་སོགས་ཀྱི་མཚོན་རྟགས་མེད་པ།བརྙན་ཐུང་གི་དུས་ཡུན་ངེས་པར་དུ་སྐར་མ2ནང་ཚུན་དང་པར་རིས་10ལས་བརྒལ་མི་ཆོག་པ། པར་རིས་ཀྱི་ཁ་ཕྱོགས་གཅིག་འགྱུར་ཡིན་དགོས།
ལྔ་པ། བྱེད་སྒོར་ཞུགས་ཐབས།
མི་སྒེར་གྱི་ཨང་རྟགས་དང་གཞུང་ཕྱོགས་ཨང་རྟགས་ཀྱིས་ཁྱུག་དབྱིངས་དང་མྱུར་འཕྲིན། པོད་འཕྲིན་སོགས་ཀྱི་སྟེགས་བུ་བརྒྱུད་ནས་#ཀུན་གྱིས་བོད་ལྗོངས་གླེང་བ#ཞེས་པའི་བརྗོད་གཞི་གཞིར་བཟུང་སྟེ་བརྩམ་བྱ་བསྐུར་ཆོག་པ་དང་བརྩམ་བྱ་གཅིག་སྟེགས་བུ་གང་སར་བསྐུར་ཡང་ཆོག
དྲུག་པ། བརྩམ་བྱ་བརྒྱུད་གཏོང་།
ང་ཚོས་ཁྱབ་བསྒྲགས་བྱས་ཟིན་པའི་བརྩམ་བྱའི་ཁྲོད་ནས་ཕུལ་བྱུང་བརྩམ་བྱ་ཁག་ཅིག་བདམས་ཏེ“བོད་ལྗོངས་དྲ་ཐོག་རྟེན་འབྲེལ་མཛད་སྒོ”འགྲེམས་སྟོན་བྱེད་སྒོའི་ནང་ཞུགས་རྒྱུ་དང་ལྗོངས་ནང་ཁུལ་གྱི་གསར་འགྱུར་སྨྱན་སྦྱོར་གཙོ་བོ་དང་“དྲ་འཕྲིན་བོད་ལྗོངས”སོགས་ཀྱི་སྤྱི་སྟེགས་ཐོག་སླར་ཡང་ཁྱབ་བསྒྲགས་དང་བརྒྱུད་སྤེལ་བྱ་རྒྱུ་ཡིན།
བདུན་པ། བྱེད་སྒོའི་གསལ་བསྒྲགས།
1.བྱེད་སྒོའི་ནང་ཚུད་པའི་བརྩམས་ཆོས་ཀྱི་བསྐྱར་དཔར་བྱེད་དབང་དང་ཆ་འཕྲིན་དྲ་རྒྱའི་ཐོག་བརྒྱུད་བསྒྲགས་བྱེད་དབང་། བཅོས་སྒྲིག་བྱེད་དབང་བཅས་གཙོ་གཉེར་ཚན་པས་བཀོལ་སྤྱོད་བྱེད་ཆོག་པར་མོས་མཐུན་བྱེད་དགོས་པ་དང་། བདམས་ཐོན་ནང་ཚུད་པའི་བརྩམ་བྱ་དག་གཙོ་གཉེར་ཚན་པར་སྤྱོད་དབང་ཡོད་པ་དང་རིན་མེད་ངང་ད་ཐེངས་ཀྱི་བསྡུ་རུབ་བྱེད་སྒོའི་དྲིལ་བསྒྲགས་དང་ཁྱབ་གདལ་སོགས་ཚོང་ལས་མིན་པའི་བྱེད་སྒོར་སྤྱོད་ཆོག
2.བརྩམ་བྱའི་ཁྲོད་མི་སྣའི་འདྲ་པར་དང་སྒེར་དོན་གསང་བའི་དབང་ཆ། མིང་འགོད་བཅས་ཀྱི་བདག་དབང་སོགས་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཐོན་ཚེ་བརྩམ་བྱའི་དོ་བདག་གིས་འགན་ཁུར་དགོས།
3.ད་ཐེངས་ཀྱི་བྱེད་སྒོའི་གསལ་འགྲེལ་བྱེད་དབང་དེ་བྱེད་སྒོ་སྒྲིག་འཛུགས་ཚན་པར་ཡོད་ལ་བྱེད་སྒོའི་ནང་ཞུགས་ཚེ་བྱེད་སྒོ་འདིའི་གཏན་འབེབས་ཚང་མར་མོས་མཐུན་བྱས་པར་བརྩི་རྒྱུ།
འབྲེལ་གཏུག་མི་སྣ། ཚེ་གཡང་། 18389000868
བསོད་ནམས་འཛོམས་སྐྱིད། 17888005725