དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་དིང་རི་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-09

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཆུ་ལྷོ་ཤང་དང་། མཚོ་སྒང་ཤང་། གྲམ་མཚོ་ཤང་། སྒང་དཀར་གྲོང་རྡལ། རྩྭ་སྐོར་གྲོང་རྡལ་བཅས་སུ་ཕེབས་ནས། གཞི་རིམ་ཏང་རྩ་འཛུགས་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ས་ཡོམ་གེགས་ཁུལ་གྱི་གེགས་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་ཚུལ་སོགས་མཁྱེན་རྟོགས་དང་གྲོང་སྡོད་ལས་དོན་རུ་མི་དང་གནོད་འཚེ་ཕོག་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།

    ལའེ་ཅའོ་གེགས་རྗེས་བསྐྱར་སྐྲུན་གྱི་ས་ཡུལ་དངོས་སུ་ཕེབས་ནས་མི་རིགས་ཁག་གི་མང་ཚོགས་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ལས་དོན་མི་སྣ་དང་གྲོང་སྡོད་ལས་དོན་རུ་མི་དང་བྱམས་བརྩེའི་གླེང་མོལ་གནང་བ་རེད། ཁོང་གིས་གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ཏེ་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཚན་རིག་དང་མཐུན་པ་དང་། གོ་རིམ་ལྡན་པ། ཕན་ནུས་ཆེ་བ་བཅས་ཀྱི་སྒོ་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་སྟེ་གནོད་འཚེ་ཕོག་ཁུལ་ལ་སླར་ཡང་གསོན་ཤུགས་རྒྱས་ཐུབ་པའི་འགན་ལེན་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་རྒྱུན་ལྡན་ལྟར་སླར་གསོ་ཡོང་བའི་འགན་ལེན། གནོད་འཚེ་ཕོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་ལྡན་ལྟར་ཡོང་བར་འགན་ལེན་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་ལས་དོན་ཡོངས་དང་འཐབ་འཛིང་ནུས་པའི་རྨང་གཞི་ཡིན། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་འཇོན་ཐང་དང་རྩ་འཛུགས་ཀྱི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་བ་དང་། ཏང་འཛུགས་སྐྱོང་གིས་གེགས་རྗེས་བསྐྱར་སྐྲུན་ལས་དོན་ལ་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ། མི་རྩ་བར་འཛིན་པ་དང་རང་བྱུང་ཁམས་ལ་བརྩི་འཇོག་མཐའ་འཁྱོངས་བྱེད་པ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ཁང་པའི་ཡོམ་འགོག་དང་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལེགས་སུ་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་ངེས་གནས་ཁ་ཕྱོགས་འོས་འཚམ་འདེམས་པ་བཅས་བྱས་ནས། ཐོན་ལས་དར་རྒྱས་དང་། ཁོར་ཡུག་མཛེས་པ། སྐྱེ་ཁམས་གནས་འཕྲོད་བཅས་ཀྱི་ཁྱིམ་གཞིས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།