ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་ཚན་རྩལ་ཐིང་དུ་བརྟག་ཞིབ་གནང་བ།
ཚེས་7ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་ཚན་རྩལ་ཐིང་དུ་བརྟག་ཞིབ་གནང་བ་རེད། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་པོ་དང་། དམངས་འཚོར་ཕན་འདོགས་པ། འཕེལ་རྒྱས་ལ་སྐུལ་གཏོང་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་འབད་བརྩོན་ཆེན་པོས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
བསྟན་པ་དང་ལུའོ་མེ་ཕེབས་ཡོད་པ་རེད།
རང་སྐྱོང་ལྗོངས་མི་སྤྱི་ཐིང་དུ་ཀརྨ་ཚེ་བརྟན་གྱིས་2025ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་གཟེངས་བསྟོད་ཐོབ་པའི་རང་ལྗོངས་ཀྱི་འཐུས་མིར་འཚམས་འདྲི་གནང་བ་དང་སྦྲགས། ཚང་མར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོར་གཟི་བརྗིད་ལ་གཅེས་སྤྲས་བྱས་ཏེ་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་སྔར་བས་དར་སྤེལ་བཏང་སྟེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་འདོན་པ་དང་རྒྱ་ཆེའི་ངལ་རྩོལ་པའི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་ཚ་ཚ་འུར་འུར་ངང་ཞུགས་དགོས་པའི་ལྕག་སྐུལ་གནང་བ་རེད། ཀརྨ་ཚེ་བརྟན་གྱིས་ད་དུང་ལས་ཞུགས་ལས་གཏོད་དང་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་སྲུང་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ་བརྩེ་བ་དང་གཅེས་སེམས་ལ་བརྟེན་ནས་ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་བསྒྲུབས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་པོ་ཡོང་བར་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་གི་གནད་སྨིན་རང་བཞིན་དང་ཕན་འབྲས་དངོས་མུ་མཐུད་ཆེ་རུ་གཏོང་དགོས་པ། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཤེས་ལྡན་པ་གསོ་སྐྱོང་དང་། བཀོལ་སྤྱོད། གདེང་འཇོག ལྕག་སྐུལ་བཅས་ཀྱི་ལམ་ལུགས་འཐུས་ཚང་བཙུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཆེད་བྱང་ཚད་མཐོ་བ་དང་སྒྲིག་གཞི་ལུགས་མཐུན་གྱི་ཤེས་ལྡན་པའི་དཔུང་ཁག་གཏོད་དགོས་པ། གླ་ཆ་ཆད་པ་སོགས་ཀྱི་གནད་དོན་ཧྲིལ་པོར་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀརྨ་ཚེ་བརྟན་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་ཁྲུའུ་དང་ཁང་དུ་ཕེབས་ནས་ཚན་རྩལ་འགག་སྒྲོལ་དང་ཚན་རྩལ་གྲུབ་འབྲས་གཞན་འགྱུར་སོགས་ཀྱི་ལས་དོན་སྤེལ་ཚུལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཚན་རྩལ་གསར་གཏོད་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་རྩ་བའི་རྒྱུ་རྐྱེན་ཞིག་རེད། ཚན་རྩལ་གསར་གཏོད་ལ་སྤྱི་འདོམས་འཆར་འགོད་བྱེད་པར་མུ་མཐུད་ཤུགས་རྒྱག་པ་དང་། “ཁ་ཕྱོགས་པ་བཞི”མཐའ་འཁྱོངས་ཀྱིས་དུས་ཐུང་གི་འགག་སྒྲོལ་དང་ཡུན་རིང་གསོག་འཇོག་གི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོའི་སྤུས་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས་རྩེ་རིམ་ཇུས་འགོད་དང་ལས་འགན་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ། རང་ལྗོངས་ཀྱི་སྤྱི་ཡོངས་ཀྱི་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། འཐབ་ཇུས་གལ་ཆེན་ལག་བསྟར་དང་ཐོན་ལས་གལ་ཆེན་འཕེལ་རྒྱས་གཏོང་བར་དམིགས་ནས། གསར་གཏོད་ཀྱི་གཙོ་རྒྱུ་སྣ་ཚོགས་སྤྱོད་གོ་ཆོད་པར་སྐུལ་འདེད་གཏོང་བ་དང་ཐོན་སློབ་ཞིབ་སྤྱོད་ཟུང་འབྲེལ་མངོན་གསལ་དོད་པོ་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ཐོག་ཚན་རྩལ་གྲུབ་འབྲས་གཞན་འགྱུར་དང་བཀོལ་སྤྱོད་བྱེད་མགྱོགས་སུ་གཏོང་དགོས་པ། ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་མངོན་གསལ་དོད་པ། སྲིད་ཇུས་ལག་བསྟར་གནད་སྨིན་བྱེད་ཤུགས་ཆེ་རུ་གཏོང་བ། “གསོ་སྐྱོང་། གདན་ཞུ། སྤྱོད་པ། གནས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞིར་སྐུལ་འདེད་ཏན་ཏིག་བཅས་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་དགོས་ཞེས་གསུངས་པ་རེད།