དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་སྲིད་གྲོས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་བཞུཌ་མོལ་ཚོགས་ཆུང་གི་ཚོགས་ཆུང་གཉིས་པས་2025ལོའི་དུས་ཚིགས་གཉིས་པའི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-08

    ཚེས་6ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་བཞུགས་མོལ་ཚོགས་ཆུང་གི་ཚོགས་ཆུང་གཉིས་པས་2025ལོའི་དུས་ཚིགས་གཉིས་པའི་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དེ་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་ཁྲོད་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ཡོད། ཚོགས་ཞུགས་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་དང་ཆབས་ཅིག་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་ཀུའེ་ཀྲོའུ་དང་ཨན་ཧུའེ་རུ་སློབ་སྦྱོང་རྟོག་ཞིབ་ལ་འགྲོ་མཁན་ཚོར་བླང་བྱ་བཏོན་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་དཀར་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ། ཆབ་སྲིད་ཀྱི་མཐོ་ཚད་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འགན་འཁྲི་འཁུར་ཕོད་པར་ཤུགས་སྣོན་རྒྱག་པ། བརྟག་ཞིབ་བྱེད་སྟངས་གསར་གཏོད་བྱེད་པ། མཐུན་སྦྱོར་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱེད་པ་བཅས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ནང་གནས་ཀྱི་བླང་བྱ་དོན་འཁྱོལ་བྱེད་དགོས། འགན་འཁྲི་དང་ལས་འགན་ལ་གཞི་ཚུགས་ནས་རིགས་པའི་གཞུང་ལུགས་གསར་པ་སྦྱོང་བ་དང་། བླང་བྱ་གསར་པ་དང་འཚམ་པར་བྱེད་པ། ལས་འགན་གསར་པར་དམ་པོར་དམིགས་པ་བཅས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་ལས་འགན་གསལ་བཟོ་དང་། སྒྲིག་ཁྲིམས་ནན་གཏོང་། གཟུགས་བརྙན་གཏོད་པ་བཅས་བྱས་ནས་ལྗོངས་ཕྱིའི་སློབ་སྦྱོང་རྟོག་ཞིབ་ཀྱི་བྱེད་སྒོ་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།