དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བདུན་པའི་སྐོར་གཟིགས་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

    སྐོར་གཟིགས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བདུན་པའི་སྐོར་གཟིགས་ཚོགས་ཆུང་བཅའ་སྡོད་བྱས་ཟིན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་8ཀྱིས་ནག་ཆུ་གྲོང་ཁྱེར་དང་། མངའ་རིས་ས་ཁུལ། དེ་བཞིན་དེའི་ཁོངས་གཏོགས་རྫོང(ཆུས)དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་ཏང་ཙུའུ་དང་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱ་རྒྱུ་ཡིན་པ་རེད།

    སྐོར་གཟིགས་བྱ་ཡུལ་ས་གནས་ཁག་གིས་སྐོར་གཟིགས་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་འཚོགས་ཤིང་། སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་སྐུལ་སློང་གཏམ་བཤད་སྤེལ་ནས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་སྐོར་གཟིགས་ལས་དོན་ཏན་ཏིག་སྤེལ་རྒྱུར་བླང་བྱ་བཏོན་ཡོད་པ་རེད།

    སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་དམིགས་པ། དབང་ཆ་དང་འགན་འཁྲིར་དམ་པོར་དམིགས་པ། “འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྐོར་གཟིགས་བྱ་ཡུལ་ས་གནས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པ། འགན་འཁྲི་དང་ལས་འགན་ལ་གཞི་ཚུགས་ནས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ། འགན་ནུས་དང་འགན་འཁྲི་འཁུར་བ། ཉེན་ཁའི་མངོན་མེད་རྐྱེན་ངན་གལ་ཆེན་འགོག་ཟོན་དང་སེལ་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ། ཚན་ཁག་གི་དཔུང་ཁག་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་དེ་བཞིན་སྐོར་གཟིགས་དང་རྩིས་བཤེར་སོགས་ཀྱི་ལྟ་སྐུལ་ལས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་སོགས་བྱས་ཚུལ་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུར་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    སྐོར་གཟིགས་བྱ་ཡུལ་ས་གནས་ཀྱི་འགན་འཁུར་བ་གཙོ་བོས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། རང་རྟོགས་ངང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་སྐོར་གཟིགས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལ་ནན་པོར་གཞིགས་པ་དང་། སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་པོ་སྲུང་བ། རང་འགུལ་ངང་ལྟ་སྐུལ་དང་ལེན་བཅས་བྱས་ནས་སྐོར་གཟིགས་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་དང་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་གཟིགས་ཚོགས་ཆུང་ཁག་གིས་སྐོར་གཟིགས་བྱ་ཡུལ་ས་གནས་ལ་ཉིན་50ཙམ་ལས་ཀ་བྱ་རྒྱུ་དང་། དེའི་རིང་ཆེད་དོན་ལས་རེས་ཁ་པར་དང་ཆེད་དོན་སྦྲག་སྲིད་ཡིག་སྒམ་འཛུགས་རྒྱུ་མ་ཟད། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོ། ལས་གནས་གལ་ཆེན་གྱི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་མཚོན་པའི་ཡི་གེ་དང་། ཁ་པར། ཡིག་འབུལ་ཞུ་བཅར་བཅས་བདག་སྤྲོད་བྱ་རྒྱུ་དང་། གཙོ་བོ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལས་འགལ་བའི་གནད་དོན་རིགས་ཀྱི་ཐེར་འདོན་བདག་སྤྲོད་བྱ་རྒྱུ་རེད། རང་སྐྱོང་ལྗོངས་ཏང་ཨུད་རེས་སྐོར་བདུན་པའི་སྐོར་གཟིགས་ཚོགས་ཆུང་གིས་ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་2025ལོའི་ཟླ་6ཚེས་15ཉིན་བར་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།