དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།
ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རུ་སྣེ་ཁྲིད་དེ་ཕོ་བྲང་པོ་ཏ་ལའི་སྤ་སེ་འཚོང་ས་དང་། རང་སྐྱོང་ལྗོངས་གླུ་གར་ཚོགས་པ། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་དང་དེའི་ཁོངས་གཏོགས་ཁེ་ལས་བཅས་ལ་བརྟག་ཞིབ་གནང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བར་མཛུབ་ཁྲིད་གནང་བ་དང་། རིག་གནས་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་སོགས་ཀྱི་ལས་ཀའི་འཕེལ་རིམ་མཁྱེན་རྟོགས་གནང་བ་མ་ཟད། རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་དང་བཞུགས་མོལ་གནང་བ་རེད།
དབང་ཧའེ་ཀྲོའུ་དང་བཅས་པ་བོད་ལྗོངས་གྲངས་འཛིན་རིག་གནས་ཚད་ཡོད་ཀུང་སི་དང་འཁྲབ་སྟོན་ཚད་ཡོད་ཀུང་སིར་ཕེབས་ནས་ཁེ་ལས་གཉེར་སྐྱོང་དང་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཚང་མས་ཁྲོམ་རར་དམིགས་ཤིང་ཁྱད་ལྡན་ཐོན་རྫས་བཟོས་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་ཡོང་བ་བྱས་ཏེ་རང་ལྗོངས་ཀྱི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་དགོས་པའི་ལྕག་སྐུལ་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས་བཞུགས་མོལ་གནང་སྐབས་རིག་གནས་དང་ཡུལ་སྐོར་ཁྲོམ་རར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ལ་བསམ་འཆར་དྲག་པོ་ཡོད་པའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་རྒྱུན་མཐུད་བཅོས་སྒྲིག་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཁྲོམ་ར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་དགོས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གལ་ཆེན་ལ་དམིགས་ནས་ཇུས་འགོད་ནན་ཏན་དང་། སྤྱི་འདོམས་མཐུན་སྦྱོར། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རིག་གནས་དང་ཡུལ་སྐོར་འཐབ་ཕྱོགས་ཀྱི་ནུས་པ་དང་། འགན་འཁྲི། གཟུགས་བརྙན་བཟང་པོ་བཅས་ནུས་ཤུགས་ཡོད་རྒུས་མངོན་པར་བྱེད་དགོས། རིག་གནས་དང་ཡུལ་སྐོར་གྱི་འཆར་གཞི་འདིང་བའི་ལས་དོན་ཡག་པོ་སྤེལ་ཏེ། ཐོན་ལས་རྣམ་གྲངས་གལ་ཆེན་བརྒྱུད་རིག་གནས་དང་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།