ཝང་ཅུན་ཀྲེང་གིས་དམངས་གཉེར་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་ལྷ་ས་སྦི་རག་ཚད་ཡོད་ཀུང་སིར་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ཇུས་འགོད་ཞིབ་སྤེལ། ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དམངས་གཉེར་ཁེ་ལས་དང་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་དང་སྦྲགས་དམངས་གཉེར་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།
● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དམངས་གཉེར་ཁེ་ལས་དང་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་དང་སྦྲགས་དམངས་གཉེར་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། ཡིད་ཆེས་བརྟན་གཏོང་དང་། གོ་སྐབས་དམ་འཛིན། བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ཏེ། དམངས་གཉེར་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
རེན་ཝེ་དང་། ཝང་ཅུན། ཞུས་ཀྲི་ཐའོ། རྡོ་རྗེ་ཚེ་སྒྲུབ་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་བོད་ལྗོངས་ཀྲེ་ཤིན་བོད་ཀྱི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་དང་བོད་ལྗོངས་ལྷ་ས་སྦི་རག་ཚད་ཡོད་ཀུང་སིར་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ཇུས་འགོད་ཞིབ་སྤེལ། ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྨང་གཞིའི་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པར་བྱས་ཏེ། སྤུས་རྟགས་གཏོད་པ་དང་། ཐོན་རྫས་ཁྱབ་གདལ་གཏོང་བ། གཞི་ཁྱོན་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་ཝང་ཅུན་ཀྲེང་གིས་དམངས་གཉེར་དཔལ་འབྱོར་མི་སྣའི་ཁྱིམ་གཞིས་ཀྱི་འགྲེམས་སྟོན་ཁང་དང་། སྤྱི་ཚོགས་བཅའ་ཁྲིམས་ཞབས་ཞུ་ཁྲུའུ། དཔལ་འབྱོར་ཞབས་ཞུ་ཁྲུའུ་བཅས་སུ་སྔ་རྗེས་སུ་ཕེབས་ནས་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་མ་ཟད། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་གནས་ཚུལ་གྱི་སྙན་སེང་ཡང་གསན་པ་རེད།
དམངས་གཉེར་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་སྙན་སེང་གསན་པ་རེད། བོད་ལྗོངས་གྲོང་ཁྱེར་འཕེལ་རྒྱས་པདྨ་ནོར་མཛོད་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཅན་ཐའོ་དང་། བོད་ལྗོངས་ཀྲུང་ཡོན་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྒྲོལ་དཀར། རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་གསོལ་མགྲོན་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲུའུ་ལི་ཆུན། བོད་ལྗོངས་པའེ་དབྱི་ཚོང་དོན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལུའུ་ཀྲེན་ཚའེ། བོད་ལྗོངས་བོད་ཡུལ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཉེ་ཞུའེ་ཀྲི་སོགས་དམངས་གཉེར་ཁེ་ལས་པའི་འཐུས་མིས་གཏམ་བཤད་སྤེལ་ཞིང་། ཚང་མས་ཁེ་ལས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཝང་ཅུན་ཀྲེང་གིས་ཞིབ་ཕྲའི་གནས་ཚུལ་བཀའ་འདྲི་ཡང་ཡང་གནང་ནས་འབྲེལ་ཡོད་གནད་དོན་སྐོར་ལ་ཁེ་ལས་པ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་དམངས་གཉེར་ཁེ་ལས་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་དམངས་གཉེར་དཔལ་འབྱོར་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་གཞི་ཚུགས་ནས་དེ་བས་ནུས་ལྡན་གྱི་སྲིད་ཇུས་དང་བྱེད་ཐབས་ལ་བརྟེན་ཏེ་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ་བྱེད་པ་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་གནས་བབ་གལ་ཆེན་ཐོག་འཇོག་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དོན་དངོས་ལ་གཞིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཁེ་ལས་སུ་མང་ཙམ་བསྐྱོད་པ་དང་མང་ཙམ་བལྟས་ནས་ཁེ་ལས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གཞོགས་འདེགས་མཉམ་ལས་དམ་ཟབ་བྱས་ཏེ་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས། དཔེ་མཚོན་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཤུགས་ཆེན་གཏོད་དགོས། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། བསམ་བློའི་འདུ་ཤེས་གསར་སྒྱུར་བྱེད་པ། སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཁྲོམ་རའི་ཞུགས་འཐུས་དང་། ཞིབ་མཆན་ཆོག་འཐུས། འོས་སྐུལ་འོས་དཔོད་སོགས་ཐད་དམངས་གཉེར་ཁེ་ལས་ལ་དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་གཏོད་དགོས། སྲིད་ཇུས་ལག་བསྟར་བྱེད་པར་ཤུགས་སྣོན་བརྒྱབ་ནས《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》དོན་འཁྱོལ་ཡག་པོ་བྱས་ཏེ་སྲིད་ཇུས“ཤེས་རྟོགས་བྱེད་ཚད”མཐོ་རུ་བཏང་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཐད་ཀར་ཁེ་ལས་ལ་དོན་འཁྱོལ་དང་ཁེ་ལས་ལ་ཕན་པ་ཐོབ་པར་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྲིད་གཞུང་གི་ཡིད་རྟོན་དང་ཁ་ཆད་ལག་བསྟར་བྱེད་པའི་འགན་འཁྲི་ཤུགས་ཆེར་བཏང་ནས་སྲིད་ཇུས་གནད་འཁེལ་དོན་འཁྱོལ་དང་། ཞབས་ཞུ་གནད་འཁེལ་མཁོ་འདོན། འགན་འཁྲི་གནད་འཁེལ་སྒྲུབ་པ་བཅས་ཏན་ཏིག་བྱེད་དགོས། དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ཁེ་ལས་དང་འབྲེལ་གཏུག་ཞབས་ཞུའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ། ཁེ་ལས་ཀྱི་དཀའ་ངལ་ཧུར་ཐག་སེལ་བ། ཁྲིམས་བཞིན་སྲིད་འཛིན་དང་ཁྲིམས་བཞིན་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བཅས་བྱས་ཏེ་དམངས་གཉེར་ཁེ་ལས་པས་བློ་རྩེ་གཅིག་སྒྲིམ་གྱིས་ལས་གཏོད་དང་། བློ་བདེའི་ངང་མ་འཇོག བློ་བདེའི་ངང་གཉེར་སྐྱོང་བཅས་བྱེད་དུ་འཇུག་དགོས། སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བ་ཕྱོགས་ཡོངས་ནས་འཛུགས་པར་འགོ་ཁྲིད་ལས་བྱེད་པས་སྲིད་ཇུས་ཀྱི་ཚད་གཞི་ཁོང་དུ་ཡག་པོ་ཆུད་པར་བྱེད་པ་དང་སྲིད་གཙང་གི་མཐའ་ཚད་བརྟན་པོ་སྲུང་བ། རང་འགུལ་ངང་ཁེ་ལས་སུ་སྐྱོད་པ་དང་ཞབས་འདེགས་ཞུས་ཏེ་རྒྱ་ཆེའི་དམངས་གཉེར་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས། དམངས་གཉེར་ཁེ་ལས་པས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་བཞིན་བྱ་བ་བསྒྲུབས་ཏེ་སྒྲིག་འཁུར་ཁྲིམས་སྲུང་གིས་ཁེ་ལས་གཉེར་བ་དང་ཁ་གསལ་གཏིང་གསལ་ངང་གཉེར་སྐྱོང་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ནང་སྤྲོ་སེམས་ཆེན་པོས་ཞུགས་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བཏང་ནས་དམངས་གཉེར་ཁེ་ལས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་དམངས་གཉེར་ཁེ་ལས་པས་རང་ཉིད་ལ་རེ་བ་ནན་པོ་བཏོན་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་བརྩེ་བ་ཟབ་མོ་འཆང་བ། གཙོ་འགན་གཙོ་ལས་བརྟན་སྲུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞུང་དྲང་ཁྲིམས་སྲུང་དང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་ཁེ་ལས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། སློབ་སྦྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་དེ་བས་སྟོབས་ཆེར་གཏོང་བ་དང་བྱ་གཞག་དེ་བས་ཆེ་བ་གཉེར་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།