དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་སྡེ་ཁུལ་དང་དར་དམར་སྡེ་ཁུལ་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-23

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་སྡེ་ཁུལ་དང་དར་དམར་སྡེ་ཁུལ་དུ་ཕེབས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བར་མཛུབ་ཁྲིད་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་དང་གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། གཞི་རིམ་ཏང་ཡོན་དང་ལས་བྱེད་པ་དང་བཞུགས་མོལ་གནང་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་ཡང་གནང་བ་རེད།

    བརྒྱད་གཅིག་སྡེ་ཁུལ་དུ་ལའེ་ཅའོ་ཡིས་ལྗོངས་ཡོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི“ཁྱིམ་ཚང་ལོ་རྒྱུས་ཁང”དང་པོར་ལྟ་སྐོར་གནང་ནས་དྲ་མིག་ཅན་གྱི་དོ་དམ་དང་ཞབས་ཞུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་སྡེ་ཁུལ་ནི་སྤྱི་ཚོགས་བཅོས་སྐྱོང་གི“མཐའ་སྣེ”ཡིན་པས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དང“ཕུའུ་ཅང་གི་ཉམས་མྱོང”སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ། རིམ་པ་ལྔའི་རྩ་འཛུགས་ཀྱི་འབྲེལ་ཐག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། “དྲ་མིག་ཅན་གྱི་དོ་དམ་དང་གྲངས་འཛིན་ཅན་གྱི་བཅོས་སྒྲིག་ཟུང་འབྲེལ”བྱེད་སྟངས་ཁྱབ་གདལ་བཏང་སྟེ། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

    དར་དམར་སྡེ་ཁུལ་དུ་ལའེ་ཅའོ་ཡིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པའི་མཐུན་རྐྱེན་རྟེན་གཞིའི་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་སྤྱི་ཚོགས་ལས་དོན་པའི་མཐུན་རྐྱེན་རྟེན་གཞི་གང་ལེཌ་སྤྱད་དེ་གྲོང་ཁྱེར་ཡོངས་དང་ཐ་ན་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ལ་ཕྱོགས་ནས་ལག་ལེན་གསོ་སྦྱོང་བྱས་ཏེ། ལས་རིགས་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།