དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དུ་བརྟག་ཞིབ་གནང་བ།

    ལིའུ་ཅང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-23

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ནས་ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་སྤྱི་ཁྱབ་རུ་ཁག་ཏུ་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།

    ● དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། འགན་འཁྲི་ནན་ཏན་འཁུར་བ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དུ་བརྟག་ཞིབ་གནང་སྐབས། དུས་རབས་གསར་པའི་སྤྱི་བདེའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། འགན་འཁྲི་ནན་ཏན་འཁུར་བ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་དང་། ཀུང་ཧུའེ་ཚའེ། ཀྲང་ཧུང་པོ་བཅས་ཞུགས་པ་རེད།

    རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་སྤྱི་ཁྱབ་རུ་ཁག་དང་དྲ་རྒྱའི་བདེ་འཇགས་སྤྱི་ཁྱབ་རུ་ཁག་ཏུ། ཝང་ཅུན་ཀྲེང་གིས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་། ལས་དོན་སྒྲུབ་པར་ཡོང་མཁན་མང་ཚོགས་ཀྱི་འབྲེལ་ཡོད་ལས་སྒོ་གཉེར་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ། རང་ལྗོངས་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་ཞབས་ཞུ་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྤྱི་བདེའི་སྲིད་དོན་ཞབས་ཞུའི་སྐར་ཁུང་ཚད་ལྡན་ཅན་དང་། ཚད་གཞི་ཅན། རིག་ནུས་ཅན་བཅས་འཛུགས་སྐྱོང་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། འདུ་ཤེས་གསར་པར་སྒྱུར་བ། བྱེད་ཐབས་ལེགས་སུ་གཏོང་བ་བཅས་བྱས་ཏེ་སྤྱི་བདེའི་སྲིད་དོན་ཞབས་ཞུར“མྱུར་ཚད”ཡོད་ལ“དྲོ་སྐྱིད”དེ་བས་ལྡན་པར་བྱེད་དགོས། ཡུལ་སྐོར་ལས་དོན་ཁང་དང་དེ་བཞིན་དེའི་ལས་ཞུགས་མི་སྣས་རང་ངོས་ཀྱི་ཆེད་ལས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་ཞབས་ཞུའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་རྒྱལ་ཁོངས་སུ་འཛུལ་མཁན་ཡུལ་སྐོར་བར་སྣེ་ལེན་ཡག་པོ་ཞུས་ཏེ། འཛམ་གླིང་གིས་བོད་ལ་རྒྱུས་མངའ་དེ་བས་ལེགས་པ་ལོན་པ་དང་བོད་འདི་ཉིད་འཛམ་གླིང་ཕྱོགས་སུ་དེ་བས་མགྱོགས་པོ་སྐྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་རྗེས། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བོད་ཀྱི་སྤྱི་བདེའི་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་གོ་བ་གཏིང་ཟབ་བླངས་ནས་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“སྤྱི་བདེའི་ངོ་བོ་ཏང་ཡིན་པའི”རྩ་བའི་ཆབ་སྲིད་ཀྱི་ངོ་བོ་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དང་ཏང་གིས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་གྱིས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པས་ཏང་དང་། རྒྱལ་ཁབ། མི་དམངས། བཅའ་ཁྲིམས་བཅས་ལ་ལྷག་བསམ་རྣམ་དག་བྱ་རྒྱུར་ཁྲིད་སྟོན་བཅས་བྱས་ནས། སྤྱི་བདེའི་ལས་དོན་སྔ་བར་ཕྱི་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལྟར་མདུན་སྐྱོད་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིཌ་ནས་ཁྲིམས་ལྟར་འགན་འཁྲི་ཁུར་བ་དང་ལས་འགན་བསྒྲུབས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་བདེ་འཇགས་འགན་སྲུང་བརྟན་པོ་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱ་རྒྱུར་དམིགས་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་ནས་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་སྤྱི་བདེའི་ལས་དོན་རྒྱུན་གཏན་གྱི་འཚོ་བ་དང་ཉེ་བཅར་དང་གཞི་རིམ་དུ་དོན་འཁྱོལ་ཐུབ་པར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་དམིཌ་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་དང་མཐའ་དག་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་དང་སྒོ་དབྱེ་དང་བདེ་འཇགས་སྤྱི་འདོམས་སྔར་བས་ལེགས་པར་བྱས་ཏེ་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་དགོས། གཞི་རིམ་ལ་དམ་འཛིན་ཏན་ཏིག་བྱེད་པའི་ཁ་ཕྱོགས་གསལ་པོ་འཛུགས་པ་དང་གཞི་རིམ་གྱི་རྨང་གཞིའི་ལས་དོན་ཏན་ཏིག་དང་ལེགས་པར་བསྒྲུབས་ཏེ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱི་དོན་ཆེན་དུ་བརྩིས་ནས་དམ་འཛིན་གྱིས་ཚན་རིག་ལག་རྩལ་ཡག་པོ་སྤྱོད་པ་མ་ཟད། གཞི་རིམ་གྱི་རང་སྟོབས་ནུས་པ་དང་གསར་གཏོད་རང་བཞིན་ཡང་ཡག་པོ་བཏོན་ཏེ་བྱ་བཟང་ཡག་པོ་སྒྲུབ་པ་དང་བྱ་བ་དངོས་ཏན་ཏིག་བསྒྲུབས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུར་དམིགས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་པོ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བ་དང་སྐྱེ་དངོས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མཐའ་སྟོབས་དམངས་ཕྱུག་ལ་དམིགས་ཏེ་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། བློ་གྲོས་ལ་བརྟེན་ནས་མཐའ་སྲུང་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ངར་ལྕགས་ལས་གྲུབ་པའི་ལྕགས་རི་རིང་པོ་བརྟན་པོ་ཞིག་ཧུར་ཐག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྒྱུར་དྲང་གཞག སྒྲིག་ཁྲིམས་དམ་ལ་ནན་པ་བཅས་མཐའ་འཁྱོངས་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་མཐོ་སར་ལངས་བ་དང་། རྒྱང་ལ་ལྟ་བ། བསམ་བློ་གཏོང་མཁས་པ། གསལ་པོ་ཤོད་ཐུབ་པ་བཅས་བྱས་ནས། སྣེ་ཁྲིད་དེ་ཆབ་སྲིད་ལ་ལྷག་བསམ་རྣམ་དག་ཞུ་སེམས་བརྟན་དུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་བསྟར་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། “མིག་དཔེ་དྲུག”ལག་བསྟར་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ལས་བྱེད་ཉེན་རྟོག་པའི་བྱང་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་བ་དང་། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རྩའི་སྦྱོང་བརྡར་དང་། ཆེད་ལས་སྦྱོང་བརྡར། དངོས་འཐབ་སྦྱོང་བརྡར་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། བཅའ་ཁྲིམས་དང་སྲིད་ཇུས་བེད་སྤྱོད་དང་། ཉེན་ཁ་སྔོན་འགོག་ཚོད་འཛིན། མང་ཚོགས་ལས་དོན། ཚན་རྩལ་བཀོལ་སྤྱོད། གླེང་ཕྱོགས་ཁྲིད་སྟོན་བཅས་ཀྱི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཉེན་རྟོག་པར་དོ་དམ་ནན་པོ་དང་ཉེན་རྟོག་པར་གཟིགས་སྐྱོང་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་དོ་དམ་ནན་པོ་དང་གཅེས་སེམས་ཟུང་འབྲེལ་དང་སྐུལ་ལྕག་དང་གཅུན་སྡོམ་གལ་ཆེ་མཉམ་འཛིན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་པོ་དང་ཉེན་རྟོག་པ་བཅོས་སྐྱོང་ནན་པོ་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ། ལས་བྱེད་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་གཏིང་ཟབ་བྱེད་པ། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ། ལས་བྱེད་ཉེན་རྟོག་པའི་སློབ་སྦྱོང་དང་། ལས་ཀ འཚོ་བ་བཅས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། ཉེན་རྟོག་པར་དགའ་ཞེན་དང་དྲོ་སྐྱིད་སྦྱིན་པའི་ལས་དོན་ལས་བྱེད་ཉེན་རྟོག་པའི་སེམས་སུ་ཟུག་པར་བྱེད་པ། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། དཔེ་མཚོན་ཤེས་རྟོགས་དང་། དཔེ་མཚོན་སྐྱེད་སྲིང་། དཔེ་མཚོན་དྲིལ་བསྒྲགས་བཅས་བྱེད་པ། རྒྱ་ཆེའི་སྤྱི་བདེའི་ཉེན་རྟོག་པའི་ཐོབ་སྣང་དང་གཟི་བརྗིད་ཀྱི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་སྤྱི་བདེའི་དཔུང་ཁག་འཛུགས་པ་བཅས་བྱས་ཏེ། སྤྱི་ཚོཌ་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུཌ་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།