དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-22

    ཚེས་17དང་18ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་དང་། པ་སྣམ་རྫོང་། བསམ་གྲུབ་རྩེ་ཆུས་སོགས་སུ་ཕེབས་ནས་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་ལས་དང་། ཤིང་འབྲས་སྔོ་ཚལ་ཐོན་ལས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    རིན་སྤུངས་རྫོང་གི་ཁྱད་ལྡན་ཐོན་ལས་སྐྱོང་གསོ་གླིང་གཡག་ཐེར་མཉམ་ལས་ཁང་དུ་སྤུན་དོག་འཁེལ་བ་དང་། ཐགས་འཐག་པ། འཚེམ་བཟོ་བྱེད་པ་སོགས་བཟོ་ཁང་ནང་ལས་བཟོ་ཚོས་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད་ཅིང་། ཡན་ཅིན་ཧའེ་ཡིས་མཉམ་ལས་ཁང་གི་ཐོན་སྐྱེད་གཉེར་སྐྱོང་དང་། ཁེ་བཟང་བགོ་བཤའ། ལས་ཞུགས་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་མཉམ་ལས་ཁང་གིས་དུས་རབས་ཀྱི་འཕེལ་རྒྱས་དང་ཁྲོམ་རའི་དགོས་མཁོ་དང་དམ་པོར་བསྟུན་ནས་དེང་རབས་ཚན་རྩལ་ནང་འདྲེན་དང་ལག་རྩལ་མི་སྣ་གསོ་སྐྱོང་བྱས་པ་བརྒྱུད་ཐོན་ལས་རིམ་སྤོར་མངོན་འགྱུར་དང་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཤུགས་རྐྱེན་ཆེ་རུ་བཏང་ནས། ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་དེ་བས་མགྱོགས་ལ་ལེགས་པའི་སྒོ་ནས་འཕར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    གཞིས་རྩེ་ཇོ་མོ་གླང་མའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་བཤམས་སྟོན་གླིང་དུ་ཡན་ཅིན་ཧའེ་འདེབས་འཛུགས་དྲོད་ཁང་དུ་ཕེབས་ཏེ། གླིང་ཁུལ་གྱི་ཚད་ལྡན་གཉེར་སྐྱོང་དང་། ཚན་རིག་དང་མཐུན་པའི་འདེབས་འཛུགས། ཁྲོམ་རའི་ཕྱིར་འཚོང་། ཞིང་འབྲོག་པའི་ལས་ཞུགས་བསྡུ་ལེན་སོགས་ཀྱི་གནས་ཚུལ་ནན་ཏན་ངང་གསན་པ་རེད། ཁོང་གིས། ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྨང་གཞི་དང་འགག་རྩ་ཡིན། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤིང་ཏོག་དང་སྔོ་ཚལ་སྐྱེ་འཕེལ་གྱི་དུས་ཡུན་ཇེ་རིང་དུ་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་། འཁོར་འབྲེལ་རྣམ་པའི་འཕེལ་རྒྱས། ཁྲོམ་ར་ཅན་གྱི་གཉེར་སྐྱོང་བཅས་བརྒྱུད། འཐུ་རོལ་དང་། ལྟ་སྐོར། སྤྲོ་གསེང་སོགས་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ནས། དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་དགོས། སྐུལ་ཁྲིད་ཀྱི་ཁྱབ་འགྱེད་ནུས་པ་འདོན་སྤེལ་བྱས་ཏེ། ལག་རྩལ་གྱི་རྒྱབ་སྐྱོར་དང་ཕྱིར་འཚོང་གི་ཐ་སྐྱོང་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་དང་མཐོ་སློབ་སློབ་ཐོན་སློབ་མར་འགན་གཙང་གཉེར་སྐྱོང་བྱེད་རྒྱུར་སྐུལ་ལྕག་བྱས་ཏེ་སྟབས་བདེ་ས་དང་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་ཚོང་འདུས་གྲོང་ཚོའི་ཞིང་འཕྲུལ་བོགས་གཏོང་ཆེད་ལས་མཉམ་ལས་ཁང་ནི་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་ཞིག་ཡིན་པ་དང་། གཙོ་གཉེར་ལས་སྒོར་ཞིང་འཕྲུལ་བོགས་གཏོང་དང་། ཉམས་གསོ། ས་བོན་ཕྱིར་འཚོང་སོགས་ཚུད་ཡོད། ཤང་ཡོངས་སུ་ཞིང་འཕྲུལ་ཁྱབ་གདལ་གཏོང་ཚད་95%ཡན་ཟིན་པ་མཁྱེན་རྗེས། ཡན་ཅིན་ཧའེ་ཡིས་དགྱེས་ཚོར་ཆེན་པོས། མཉམ་ལས་ཁང་གིས་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ནས་ཕྱོགས་ཡོངས་ཀྱི་ཞིང་འཕྲུལ་ཞབས་ཞུ་མཁོ་འདོན་བྱས་ཏེ། ཞིང་ལས་ཐོན་ལས་ཀྱི་འཁོར་འབྲེལ་སྣུར་སྲིང་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཚོང་འདུས་གྲོང་ཚོའི་ཡུལ་མི་ཉི་མ་དོན་གྲུབ་ཀྱི་ཁྱིམ་དུ་ཕེབས་ཤིང་། ཁོང་གི་ཁང་པའི་ནང་ཁྱིམ་སྤྱོད་གློག་ཆས་གང་དགོས་ཅི་འཛོམས་ཡོད་ལ་ཤ་རིགས་དང་འབྲུ་རིགས་ཀྱང་འདང་ངེས་ཡོད་པ་རེད། ཡན་ཅིན་ཧའེ་ཡིས་ས་གནས་དེ་གའི་ཤང་གི་ལས་བྱེད་པར། དམངས་ཀྱི་སྡོད་ཁང་གི་བར་སྟོང་དབྱེ་ཁུལ་ལུགས་དང་མ་མཐུན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། མི་ཕྱུགས་ལོགས་དབྱེ་གཙོ་གནད་དུ་འཛིན་པའི“ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད”དང“ཉལ་ཁང་དང་། ཚོམས་ཆེན། ཐབ་ཚང”བཅས་ཀྱི་ནུས་པ་དབྱེ་ཁུལ་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་རང་རྟོགས་ངང་གྲོང་གསེབ་ཀྱི་ཤེས་དཔལ་སྤྱོད་ཚུལ་གསར་པ་སྐྱེད་སྲིང་བྱེད་པར་ཁྲིད་སྟོན་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

    བརྟག་ཞིབ་གནང་རིང་ཡན་ཅིན་ཧའེ་ཡིས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་དང་དམངས་འཚོའི་དཀའ་གནད་ལ་དམིགས་ནས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྐྱོང་བྱས་ཏེ“སྦྲང་ཟ་གྲོག་གནོད”ལ་ཆད་པ་གཅོད་པ་དང་། སྤྱོད་ཚུལ་ཡོ་བསྲང་དང་ཟང་ཟིང་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས། སྤྱོད་བཟང་དར་སྤེལ་དང་རུལ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱོད་གཙང་གཞུང་དྲང་ཉེ་འགྲམ་དུ་ཡོད་པ་མང་ཚོགས་ཀྱིས་ཚོར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།