དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-21

    ཚེས་18ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ནི་དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་དང་། ནོར་སྲིད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་རེད། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། དུས་ཐོག་ཏུ་རྗེས་སྙེག་སློབ་སྦྱོང་། བསམ་གཞིག་གཏིང་ཟབ་བྱས་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་རྒྱུན་འཁྱོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། ནོར་སྲིད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་ཆུ་ཚད་མཐོ་རུ་བཏང་སྟེ་སློབ་སྦྱོང་གི་ཕན་འབྲས་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་ཏན་ཏིག་འགྱུར་བར་བྱེད་དགོས།

    རྒྱལ་ཁབ་ཀྱིས་འཕར་ཚད་སྲིད་ཇུས་སྦབ་ཆ་གཅིག་འདོན་པར་ཤུགས་སྣོན་རྒྱག་པ་སོགས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་ནན་པོ་བྱས་ཏེ། སྲིད་ཇུས་ཀྱི་དགོངས་དོན་ཁོང་དུ་ཆུད་པ་དང་། གནད་སྨིན་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དེ་བས་ཆེ་བ་བརྩོན་ལེན་བྱེད་དགོས། གསོག་ཐེབས་ཕན་སྒྱུར་དང་འཕར་ཚད་ལེགས་གཏོང་ལ་སྤྱི་འདོམས་བྱེད་པ་དང་། ཡོང་འབབ་མང་དུ་གཏོང་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་ཀྱི་གཏོང་ཡོང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ནོར་སྲིད་དོ་དམ་གྱི་ཚན་རིག་དང་མཐུན་པའི་རང་བཞིན་ཆེ་རུ་གཏོང་བ་དང་གཞི་གྲངས་མེད་པའི་སྔོན་རྩིས་སྒྱུར་བཅོས་བྱེད་ཟབ་དུ་བཏང་ནས་ནོར་སྲིད་ཐོན་ཁུངས་ལུགས་མཐུན་བཀོད་སྒྲིག་དང་ནུས་ཆེའི་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ནོར་སྲིད་ཀྱི་སྒྲིག་ཁྲིམས་ཀྱི་དམར་ཐིག་ནན་པོ་སྲུང་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་དང་རྩིས་བཤེར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ལ་སྐུལ་གཏོང་དང་དམངས་འཚོར་ཞབས་འདེགས་ཞུ་བར་སྤྱོད་པའི་མ་དངུལ་དེ་བས་མང་བ་འགན་ལེན་བཅས་བྱས་ཏེ་ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་སྤེལ་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པས། ང་ཚོས་ལས་དོན་ཁག་ལེགས་པར་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། “རི་བོ་གཉིས”ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཁུར་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་གྱི་ལས་འགན་སྤུས་ཚད་མཐོ་པོས་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ཞི་ཅིན་ཕིང་གི་ཕྱི་འབྲེལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུས་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ནས་དོན་དག་གལ་ཆེན་དགོངས་སྐོར་དང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ། ལག་བསྟར་བྱེད་མཁན་དང་། དོན་འཁྱོལ་བྱེད་མཁན། དངོས་སྒྲུབ་བྱེད་མཁན་བཅས་ཡག་པོ་ཞིག་མཐའ་གཅིག་ཏུ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།