དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་2025ལོའི་ཚོགས་འདུ་ཐེངས་6པ(རྒྱ་ཆེ)གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-19

    ཚེས་16ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་2025ལོའི་ཚོགས་འདུ་ཐེངས་6པ(རྒྱ་ཆེ)གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། མཆན་འགོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ཡན་ཅིན་ཧའེ་ཡིས། “མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས”ལ་བརྟེན་ནས་ཕྱི་དོན་ལས་དོན་གྱི“གཡུལ་ས་གཙོ་བོར”རོགས་རམ་བྱེད་དགོས་ཤིང་། ཁྲིམས་སྐྱོང་བྱེད་སྟངས་དང་། ཁྲིམས་སྐྱོང་བྱེད་ཐབས། ཁྲིམས་སྐྱོང་སྟོབས་ཤུགས་བཅས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་སྲུང་སྐྱོང་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་གཏམ་རྒྱུད་བརྩེ་བ་ཟབ་མོས་ཡག་པོ་བཤད་ནས་དམངས་གཙོ་ཁྲིམས་སྐྱོང་གི་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས། “མི་དམངས་འཐུས་ཚོགས་ཀྱི་ནུས་སྤྱོད”ལ་བརྟེན་ནས་འདུ་ཤེས་འཛིན་སྟངས་ཀྱི“གཡུལ་ས་གཙོ་བོར”རམ་འདེགས་བྱེད་དགོས་ཤིང་། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་འཛུགས་སྐྲུན་ལ་སྐུལ་འདེད་ནན་པོ་གཏོང་དགོས། “མི་དམངས་འཐུས་ཚོགས་ཀྱི་ཕན་འབྲས”ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་གི“བརྗོད་དོན་གཙོ་བོར”རོགས་རམ་བྱེད་དགོས་ཤིང་། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན་གཏིང་ཟབ་སྤེལ་བ་དང་། སྐྱེ་ཁམས་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཁྲིམས་སྐྱོང་བྱེད་སྟངས་ལ་བརྟེན་ནས་བོད་ལ་སྔོ་ལྗང་སྐྲུན་པ་དང་སྔོ་འགྱུར་ལས་དོན་ལ་སྟོབས་ཤུགས་སྦྱིན་དགོས། མི་དམངས་འཐུས་ཚོགས་ལས་ཁུངས་སུ་སློབ་སྦྱོང་སློབ་གསོའི“རྩ་བའི་དགོངས་གཞི”དོན་འཁྱོལ་བྱས་ཏེ་སློབ་སྦྱོང་སློབ་གསོའི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་དམ་འཛིན་ནན་པོ་བྱེད་པ་དང་། འགན་འཁྲི་ནན་དུ་གཏོང་བ་དང་རང་འགུལ་ངང་རང་འགན་ཐེག་པ་འཁུར་ལེན་བྱས་ནས་ལས་འགན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ལས་དོན་གྱི་སྒྲིག་སྲོལ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་སྒྲིག་སྲོལ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི་ཆེད་དོན་སློབ་སྦྱོང་འཆར་གཞི་དང་ཀྲུའུ་རེན་ཚོགས་འདུའི་དོན་གྲོས་སྒྲིག་སྲོལ་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་བྱས་པ་རེད།

    ཡན་ཅིན་ཧའེ་ཡིས། དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ཏེ་མཉམ་སྡེབ་ཞིབ་འཇུག་སློབ་སྦྱོང་དང་། མི་སྒེར་གྱི་རང་སྦྱོང་། བརྟག་ཞིབ་སློབ་སྐུལ། གཞི་རྟེན་སློབ་རོགས། རིགས་གཅིག་མཁས་ཅན་གྱིས་སློབ་སྟོན་སོགས་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དོ་དམ་ནན་པོ་མཐའ་འཁྱོངས་བྱས་ཏེ་ལས་འབྱོར་ཟིན་ཐོའི་ལམ་ལུགས་ནན་དུ་གཏོང་བ་དང་། སློབ་སྦྱོང་གི་ཡིག་ཚགས་བཟོ་བ། སློབ་སྦྱོང་གི་གནས་ཚུལ་ཟིན་ཐོར་འགོད་པ། སློབ་སྦྱོང་གི་རང་རྟོགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གྲུབ་འབྲས་གཞན་སྒྱུར་མཐའ་འཁྱོངས་བྱས་ཏེ་སློབ་སྦྱོང་དེ“དོན་ཆེན་བཞིར”སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་ཕན་འབྲས་དེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་སྒྱུར་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།