རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉིན་15ཡི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2024ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇཌ་ཐོན་སྐྱེད་དང་མེ་ཟོན་ལས་དོན་དཔྱད་ཞིབ་སྐོར་ཞིབ་དང་དེ་བཞིན་2025ལོའི་དུས་ཚིགས་དང་པོའི་ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་སྐོར་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ། རྡོ་སོལ་མིན་པའི་གཏེར་རི་དང་འབར་རླངས་སོགས་གཙོ་གནད་ཁྱབ་ཁོངས་ལས་འགན་དོན་འཁྱོལ་བྱས་ཚུལ་གསན་ནས། མིག་སྔའི་དུས་བབ་ལ་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།
རེན་ཝེ་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་དུས་བབ་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་བྱུང་མོད། འོན་ཀྱང་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔར་བཞིན་གནས་པས་གནད་དོན་གྱི་ཧེ་བག་ལ་སྣང་ཆུང་བྱེད་མི་རུང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲི་འཁུར་སེམས་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་འགོག་ཟོན་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་མཐའ་གཅིག་ཏུ་ཁུར་བ། བདེ་འཇགས་དང་ཐོན་སྐྱེད་ལས་དོན་ལ་འཕྲད་པའི་དུས་བབ་ཁོང་དུ་ཡང་དག་ཆུད་པ། གོམ་པ་རེ་རེ་བཞིན་སྙིང་རུས་གཏན་འཁྱོངས། བྱེད་ཐབས་དང་སྤྱོད་ཚུལ་ནན་པོར་བརྟེན་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་དམ་འཛིན་ཞིབ་ཕྲ་དང་། ཏན་ཏིག གནད་སྨིན་བཅས་ཡོང་བར་བྱེད་དགོས།