རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འཚོགས་པ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་དོན་ཚོགས་འདུའི་ཚན་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འཚོགས་ཤིང་། མི་སྒེར་གྱི་རང་སྦྱོང་དང་། གཅིག་སྡུད་སློབ་སྦྱོང་། ཆེད་དོན་ཟུར་ཁྲིད། སྤེལ་རེས་བགྲོ་གླེང་སོགས་ཀྱི་རྣམ་པ་བརྒྱུད་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སོགས་ཀྱི་ནང་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་ནང་ཞུགས་པ་དང་འབྲེལ་ཚན་ཁག་གི་ཁོངས་མི་དང་སྤེལ་རེས་བགྲོ་གླེང་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། འདི་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཞིག་ཀྱང་རེད། ཁོངས་གཏོགས་ཡོངས་དང་ཏང་ཡོན་ལས་བྱེད་པས་སློབ་གསོ་སློབ་སྦྱོང་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་སློབ་སྦྱོང་གཏིང་ཟབ་དང་། ཟབ་སྦྱོང་མཐིལ་རྟོགས་དང་དོན་ལ་འཁྱོལ་བར་བྱས་ཏེ། ཏང་གི་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། འགན་འཁྲི་སྒྲུབ་པ་དང་འགན་འཁུར་བའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་སྒྲིག་བཀུར་ཁྲིམས་སྲུང་དེ་ནང་སེམས་རྒྱུད་ལ་འཇག་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱས་ཏེ། དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་བྱེད་པའི་རྣམ་པ་གསར་པ་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།
དབང་ཧའེ་ཀྲོའུ་ཡིས། པུའུ་དོན་ཚོགས་འདུའི་ཚན་ཁག་དང་ཁོངས་མིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ། སློབ་སྦྱོང་སློབ་གསོ་སྣེ་ཁྲིད་ནས་ཏན་ཏིག་སྤེལ་བ་དང་། གོང་གིས་འོག་ལ་སྣེ་ཁྲིད་པ་དང་། རང་དཔེ་གཞན་སྟོན། སྒྲིག་ཁྲིམས་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། སྒྲིག་བཀུར་ཁྲིམས་སྲུང་གི་བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་བ། སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པའི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ། སྤྱོད་ཚུལ་མུ་མཐུད་དུ་ལེགས་བཅོས་གཏིང་ཟབ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཆབ་སྲིད་ཀྱི་ངེས་ཤུགས་དང་། བསམ་བློའི་ངེས་ཤུགས། སྒྲིག་སྲུང་གི་ངེས་ཤུགས་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་དོན་སྔར་བས་དོན་འཁྱོལ་ཡག་པོ་བྱེད་པར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།