དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས།

    རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་འཚོགས་པ།

    ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-14

    ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་། ཚེས་8ནས་ཚེས་10ཉིན་བར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལག་བསྟར་དོན་འཁྱོལ་དང་བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་མཐར་ཕྱིན་པ་བྱས་ནས་སྤྱོད་ཚུལ་བཟང་པོར་བརྟེན་ཏེ་སེམས་ནུས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སེམས་ལ་ཟུག་པ་དང་བྱ་སྤྱོད་དུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་བྱེད་རིང་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཏེ། ཚུགས་གནས་དེ་བས་མཐོ་བ་དང་། ཚད་གཞི་དེ་བས་ནན་པ། སྤྱོད་ཚུལ་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ནུས་ཤུགས་དང་ལྡན་པ། དག་ཐེར་ལ་ཕན་འབྲས་ཐོན་པ་བཅས་བྱས་ཐོག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་བརྟེན་ནས་དར་སྲོལ་གཙང་སེལ་དང་། སྙིང་སྟོབས་སྐུལ་སྤེལ། བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཅིག་ནས“སློབ་སྦྱོང”ཁྲོད་གུས་སྐྲག་ཤེས་པར་བྱས་ཏེ་ཆབ་སྲིད་ཀྱི་བླང་བྱ་དང་ཡང་ཡང་བསྡུར་ནས་ལྷག་བསམ་མཐའ་གཅིག་ཏུ་བྱེད་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་དང་ཡང་ཡང་བསྡུར་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ལ་ཞུན་བརྡར་བྱེད་པ། ལྡོག་ཕྱོགས་ཀྱི་ཉེན་བརྡ་དང་ཡང་ཡང་བསྡུར་ནས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཐུབ་པ་བཅས་བྱེད་དགོས་པ་དང་། གཉིས་ནས“ཞིབ་བཤེར”ཁྲོད་ཧེ་བག་བཙལ་ཏེ་བསམ་བློའི་མེ་ལོང་ལ་བལྟས་ནས་ཏང་གཤིས་ཀྱི་དྭངས་གཙང་ཡིན་ཚད་ལ་ཞིབ་བཤེར་བྱེད་པ་དང་། སྤྱོད་ཚུལ་གྱི་མེ་ལོང་ལ་བལྟས་ནས་བྱ་སྤྱོད་ཀྱི་ནོར་འཛོལ་ལ་ཞིབ་བཤེར་བྱེད་པ། ལམ་ལུགས་ཀྱི་མེ་ལོང་ལ་བལྟས་ནས་ལམ་སྲོལ་གྱི་ཞན་ཆ་ལ་ཞིབ་བཤེར་བཅས་བྱེད་དགོས་པ། གསུམ་ནས“དག་ཐེར”ཁྲོད་འགན་འཁྲི་འཁུར་སེམས་མཚོན་ཐུབ་པར་བྱས་ཏེ། ཟིལ་ཤུགས་ཆེན་པོར་བརྟེན་ནས་མངོན་གསལ་དོད་པའི་གནད་དོན་ཡོ་བསྲང་བྱེད་པ་དང“གནད་དོན་ཐག་གཅོད་མ་བྱས་ན་ལྷོད་གཡེང་མི་བྱེད་པ་དང་། དག་ཐེར་མཐར་ཕྱིན་མ་བྱས་ན་རྩིས་མི་སྤྲོད་པ”བྱེད་ཐུབ་པ་དང་། ལམ་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབང་ཆར་ཚོད་འཛིན་ནན་པོ་བྱས་ཏེ་དབང་ཆ་དེ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ཚད་ལྡན་ངང་སྤྱོད་དགོས་པ། བཞི་ནས“སྒྲུབ་པའི”ཁྲོད་ཕན་འབྲས་དངོས་ཐོན་པའི་བརྩོན་ལེན་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི། རང་ངོས་འཛུགས་སྐྱོང་སོགས་ཀྱི་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་དམངས་ཆེད་ཁྲིམས་འཛུགས་ལ་དམིགས་ཏེ་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ། ལྟ་སྐུལ་དང་ཕན་འབྲས་ཐོན་རྒྱུར་དམིགས་ནས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཡས་གཞོགས་གཡོན་འདེགས་བྱེད་པ། འཐུས་མིས་འགན་འཁྲི་བསྒྲུབ་རྒྱུར་དམིགས་ནས་དམངས་ཆེད་ཀྱི་རྨང་གཞི་ཟབ་ཏུ་གཏོང་དགོས་པ་བཅས་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མིས་རང་རྟོགས་ངང་སྣེ་ཁྲིད་ཡག་པོ་དང་མིག་དཔེ་སྟོན་ནས“འགག་རྩའི་ཉུང་ཤས”ཀྱིས“ཕལ་ཆེ་བར”དཔེ་སྟོན་སྐུལ་ཁྲིད་བྱེད་པ་དང་། སློབ་སྦྱོང་སློབ་གསོའི་ལས་ཀའི་ཆེད་དོན་ཚན་ཁག་གིས“དུས་ཚོད་རེའུ་མིག”དང་།“ལམ་རིས” “ལས་འགན་ཡི་གེ”བཅས་ཡག་པོ་བཟོས་ཏེ་ཚད་གཞི་དང་ཡང་ཡང་བསྡུར་བའི“གནད་དོན་གྱི་གསལ་ཐོ”བཀོད་ནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་དངོས་སུ་ཞིབ་བཤེར་དང་། ལྟ་བསྡུར། དག་ཐེར་བཅས་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུར་མཛུབ་ཁྲིད་བྱེད་པ། ཏང་ཀྲི་པུའུ་ཁག་གིས“དམག་འཐབ་མཁར་རྫོང”གི་ནུས་པ་ཡག་པོ་བཏོན་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ལས་བྱེད་པའི་དཔུང་ཁག་གི་གསར་གཏོད་རང་བཞིན་དང་། དམག་འཐབ་ནུས་པ། གོང་བུ་འགྲིལ་ཤུགས་བཅས་སྔར་བས་ཆེ་རུ་གཏོང་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།