དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་འཚོགས་པ།

    ལིའུ་ཅང་གིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-11

    ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལྟར། ཚེས་7ཉིན་དང་ཚེས་8ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་འཚོགས་ནས། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའུ་ཅང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

    ལིའུ་ཅང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོ་བ་དང་དོན་འཁྱོལ་བྱེད་པ་ནས་འགོ་རྩོམ་འགག་བརྟོལ་བྱས་ཏེ། གོང་ནས་འོག་བར་དང་གོང་དཔེ་འོག་སྟོན་མཐའ་འཁྱོངས་ཀྱིས་དུས་བབ་གསར་པའི་འོག་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཅི་ཞིག་ལ་དམ་འཛིན་བྱེད་པ་དང་དམ་འཛིན་ཇི་ལྟར་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱས་ནས།

    ཏང་སྲོལ་དང་སྲིད་སྲོལ་རྣམ་པ་གསར་རྐྱང་དུ་གྱུར་བ་དང་སྤྱི་ཚོགས་ཀྱི་སྤྱོད་ཚུལ་དང་དམངས་སྲོལ་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། ང་ཚོས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཚད་མཐོའི་རང་རྟོགས་ལ་བརྟེན་ནས་དུས་རབས་གསར་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་དང་། ངོ་བོའི་ཁྱད་ཆོས། ལྟེ་བའི་དོན་སྙིང་། བྱེད་ཐབས་གལ་ཆེན། གཙོ་གནད་ལས་དོན། ཐབས་ལམ་ནུས་ལྡན། ལམ་ལུགས་འགན་སྲུང་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་སྒྲིག་ཁག་སྤུས་ཚད་མཐོ་པོས་དོན་འཁྱོལ་བྱས་ཏེ། “སློབ་སྦྱོང”གི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་པ་དང་། “ཞིབ་བཤེར”ཤུགས་ཆེར་གཏོང་བ། “དག་ཐེར”གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་པ་དང་། མི་སེམས་ལ་ཟུག་པ། དོན་དངོས་དང་མཐུན་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

    ལིའུ་ཅང་གིས་ནན་བཤད་གནང་དོན། སྲིད་གྲོས་ཏང་ཙུའུ་དང་། ལས་ཁུངས་ཀྱི་ཏང་ཙུའུ། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཡན་ལག་ཏང་ཙུའི་ཚན་པ་བཅས་ཀྱི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ནན་ཏན་ངང་སྒྲུབ་པ་དང“འགག་རྩའི་ཉུང་ཤས”ཀྱི་ནུས་པ་གང་ལེགས་བཏོན་ཏེ། སྲིད་གྲོས་ཁོངས་གཏོགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་སྲིད་གྲོས་ལས་དོན་གྱི་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་དགོས། ལྷག་བསམ་རྣམ་དག་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། ཏང་གཤིས་བརྟན་པོར་ཞུན་བརྡར་སྤྲོས་པ། སྒྲིག་ཁྲིམས་སྒྲིག་སྲོལ་ནན་སྲུང་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རིགས་པའི་གཞུང་ལུགས་ཐད་ཀྱི་རིག་པ་དྭངས་གསལ་ལ་བརྟེན་ནས་ཆབ་སྲིད་ཐད་ཀྱི་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྐྱོན་བྲལ། འགན་འཁུར་ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་སྤྱོད་ལ་ཞུན་བརྡར་སྤྲོས་དགོས། འཇོན་ཐང་ཆེ་རུ་གཏོང་བར་སྣེ་ཁྲིད་བྱས་ཏེ། ཆབ་སྲིད་ཀྱི་ཁོང་དུ་ཆུད་ནུས་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མང་ཚོགས་དང་འབྲེལ་གཏུག་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས་བཅས་ཆེ་རུ་གཏོང་བ་དེ་འགན་འཁྲི་གཙང་སྒྲུབ་ཀྱི་གཞི་རྩའི་ནུས་པར་བརྩིས་ནས། ཆབ་སྲིད་ཀྱི་སྒོར་ལྟེ་སྔར་བས་བརྟན་སྲུང་དང་བརྟག་དཔྱད་ཞིབ་འཇུག་གི་ཕན་འབྲས་ཆེ་རུ་བཏང་སྟེ། མང་ཚོགས་དང་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་གཙོའི་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས། ལས་སྒྲུབ་ལས་གཏོད་ལ་སྣེ་ཁྲིད་བྱས་ཏེ། སློབ་སྦྱོང་སློབ་གསོ་དེ་སྲིད་གྲོས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པ། དངོས་སྒྲུབ་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། སྒྲིག་ཁྲིམས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྲིད་གྲོས་ཀྱི་འགན་འཁྲི་དང་སྲིད་གྲོས་ཀྱི་བྱས་རྗེས་མངོན་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།