དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་ལྗོངས་ཀྱི་བོད་སྨན་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-11

    ཚེས་8ཉིན་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེས་རུ་སྣེ་ཁྲིད་དེ་བོད་ལྗོངས་བདུད་རྩི་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཆེས་བྲིན་བོད་སྨན་ཚོང་གཉེར་ཚད་ཡོད་ཀུང་སི། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་དང་། སྙན་སེང་གསན་པ། བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱ་ཐབས་བརྒྱུད་རང་ལྗོངས་ཀྱི་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ཀྲུང་ལུགས་སྨན་རྫས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། བོད་སྨན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། བོད་སྨན་གྱི་གསོ་རིག་གནས་ལུགས་ནུས་པ་དང་སྨན་བཅོས་ནུས་ཕྱོད་རྒྱུན་འཛིན་དང་སྔོག་འདོན་གཏིང་ཟབ་བྱས་ཏེ། བོད་ཀྱི་གསོ་བ་རིག་པའི་ཁྱད་ལྡན་སྨན་བཅོས་རྣམ་གྲངས་ལག་བསྟར་ཧུར་ཐག་གིས་ནད་རིགས་འགོག་ནུས་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། བོད་ལུགས་གསོ་རིག་གི་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནུས་ཤུགས་ཡོད་རྒུས་ཡག་པོ་གཉེར་བ་དང་བོད་ལུགས་གསོ་རིག་གི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ལུགས་གསོ་རིག་བྱ་གཞག་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལུགས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།