བསོད་ནམས་ཉི་མས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་གཙོ་སྐྱོང་གནང་བ།
ཟླ་4ཚེས་6དང་7ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཆེད་དོན་ཟུར་ཁྲིད་བྱས་པ། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
བསོད་ནམས་ཉི་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གྱིས་གཏན་འབེབས་དོན་ཚན་བརྒྱད་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱས་པ་དང་འབྲེལ་དོན་འཁྱོལ་ཡང་བྱས་ཏེ། ཏང་སྲོལ་དང་སྲིད་སྲོལ་གསར་རྐྱང་དུ་འགྱུར་བར་སྐུལ་འདེད་བཏང་ནས་སྤྱོད་ཚུལ་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་བཏོད་ཡོད། སྐབས་བཅུ་པའི་ལྗོངས་ཏང་ཨུད་ཀྱིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗོངས་ཡོངས་སུ་རྒྱུན་ཆད་མེད་པར་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པས། ངར་ཤུགས་གཅིག་སྒྲིལ་དང་སྔོན་ཐོན་བརྩོན་ལེན་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་ཅེས་གསུངས་པ་རེད།
བསོད་ནམས་ཉི་མས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཀྱི་མདུན་དུ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། སློབ་སྦྱོང་སློབ་གསོའི་དམིགས་ཚད་དང་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་རྒྱུན་འཁྱོངས་ལྷོད་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏན་ཏིག་དང་དོན་དོག་ཏུ་འཁྱོལ་ལ་ཕན་འབྲས་ཐོན་པའི་འགན་ལེན་བཅས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་གཞུང་དྲང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།