དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུའི)གློག་རླངས་ཅན་སྒྱུར་བཀོད་རྣམ་གྲངས་ཀྱི་2025ལོའི་འགན་འཁྲི་གཙང་ལེན་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-08

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུའི)གློག་རླངས་ཅན་སྒྱུར་བཀོད་རྣམ་གྲངས་ཀྱི་2025ལོའི་འགན་འཁྲི་གཙང་ལེན་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་གནས་ཚུལ་སྙན་སེང་གསན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་གསུངས་དོན། མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུའི)གློག་རླངས་ཅན་སྒྱུར་བཀོད་རྣམ་གྲངས་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ལམ་ཁུལ་ཕྱོགས་གཉིས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་གཞུང་ལམ་དང་། ས་གནས། ཁེ་ལས་བཅས་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཐབས་ཤེས་མང་ཙམ་འདོན་པ་དང་། བྱ་ཐབས་དངོས་མང་ཙམ་འདོན་པ། མཉམ་ཤུགས་འགག་སྒྲོལ་བཅས་བྱེད་པ། རྣམ་གྲངས་རེ་རེ་དང་། ཆ་རྐྱེན་གལ་ཆེན་རེ་རེ། གནས་གཏད་གནས། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་ལས་ཀའི་སྐུལ་འདེད་ལམ་སྲོལ་འཛུགས་པ་དང་། འགན་སྲུང་བྱེད་ཤུགས་ཆེ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། རྣམ་གྲངས་འཛུགས་སྐྲུན་མྱུར་གཏོང་ཕན་ཆེ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ལས་ཕྱོད་འདུ་ཤེས་ཟབ་ཏུ་བཏང་ནས་རྣམ་གྲངས་གསལ་ཐོ་དང་དུས་ཚོད་གསལ་ཐོ་ཁ་གསལ་བཟོ་བ་དང་། གཅིག་ལ་གཅིག་འབྲེལ་དང་ལས་ཡུན་ལྡོག་སྒྲིག་བྱེད་པ། དམིགས་ཚད་དང་ལས་འགན་དང་དུས་ཚོད་དང་མཚམས་ཚིགས་ནན་པོར་གཞིགས་ཏེ་རྣམ་གྲངས་ཀྱི་འཕེལ་རྒྱས་འགྲོ་ཚུལ་ལ་དུས་བཀག་བཞིན་བཀོད་གཏོང་བྱས་ནས་མཚོ་བོད་ལྕགས་ལམ་གློག་རླངས་ཅན་སྒྱུར་བཀོད་རྣམ་གྲངས་དུས་ཚོད་གོ་རིམ་གྱི་བླང་བྱ་གཞིར་བཟུང་ལས་འགོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།