དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་ཐེངས་34པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-04

    ཚེས་1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་དང་མཉམ་དུ་ལྷ་ས་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དུ“ཁྲལ་བསྡུ་དང་། ཁྲིམས་སྐྱོང་། དྲང་གཞག——ལུགས་མཐུན་གཉེར་སྐྱོང་ཚང་མས་གླེང་བ”དང་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་ཐེངས་34པའི་འགོ་ཚུགས་མཛད་སྒོ་གཉེར་བ་རེད།

    འགོ་ཚུགས་མཛད་སྒོའི་ཐོག ལྗོངས་ཡོངས་ཀྱི་ཁྲལ་འཇལ་ཡིད་རྟོན་Aརིམ་པའི་ཁེ་ལས་དང་། ཁྲོམ་འགྲེམས་ཀུང་སི། དེ་བཞིན་ཁྲལ་འཇལ་མཚམས་སྦྱོར་སྒྲིག་གཞི། དྲ་རྒྱའི་སྙན་སྒྲོན་པ་གཙོ་བོ་སོགས་ཀྱི་འཐུས་མི་60དང་ཁྲལ་དོན་སྡེ་ཚན་གྱི་ལས་དོན་པ་མཉམ་འཛོམས་ཀྱིས་ལུགས་མཐུན་གཉེར་སྐྱོང་དང་ཡིད་རྟོན་ཁྲལ་འཇལ་ལ་དམིགས་ཏེ་སྤེལ་རེས་མཉམ་འགུལ་བྱས་ནས། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད་ཐབས་འདོན་ཇུས་འབུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།