དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-04

    ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ནས་ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་དང་གྲོས་བསྡུར་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་དང“ཅན་གསུམ”འཛུགས་སྐྱོང་ལོའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ཡོད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཅང་ཝུན་ཕེང་གིས་སྣེ་ཁྲིད་དེ་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་ལྗོངས་ཀྱི་མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། “ལྡོག་མེད་གཉིས”ཀྱི་བརྡར་གཅོད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། “ལོ་རྒྱུས་ཀྱི་རང་འགུལ་གཉིས”ཀྱི་དོན་སྙིང་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་གཅིག་འདོམས་མཐའ་འཁྱོངས་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པར་ངེས་པར་དུ་རྒྱལ་ཁ་ཐོབ་པའི་ཆབ་སྲིད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། ཡུན་རིང་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན།“དོན་ཆེན་བཞི”དང“འཛུགས་གཏོད་བཞི”དོན་འཁྱོལ་བྱས་ཚུལ་ལ་དམིགས་པ་དང་། ལྷག་པར་དུ་སྒྱུར་བཅོས་གལ་ཆེན་དང་། གཙོ་གནད་རྣམ་གྲངས། ལས་དོན་གལ་ཆེན་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། “རུལ་སུངས་མི་བྱེད་པ་གསུམ”ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བར་སླར་ཡང་ཤུགས་སྣོན་རྒྱག་པ་དང་སླར་ཡང་གདོང་མཆོང་བྱས་ཏེ་རྩ་ལག་མཉམ་བཅོས་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་འབད་བརྩོན་བྱེད་དགོས། གཙོ་གནད་གནད་དོན་གྱི་ཚད་བརྒལ་ལ་བརྟེན་ནས་སྤྱི་ཡོངས་ཀྱི་ལས་དོན་ལ་སྐུལ་ཁྲིད་བྱས་ཏེ། གྱོད་སྒྲུབ་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཚོང་གི་འབྲེལ་བར་ཞིབ་བཤེར་ནན་པོ་བྱེད་པ། དབང་ཆ་གཅིག་སྡུད་དང་། དངུལ་གྲངས་མང་བ། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་ལས་རིགས་སྡེ་ཚན་ལ་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཕན་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་དང“ཅན་གསུམ” འཛུགས་སྐྱོང་ལོའི་བྱ་སྤྱོད་ལ་དམ་འཛིན་ཡག་པོ་བྱེད་པར་སྤྱི་འདོམས་བྱས་ཏེ། བྱེད་པོའི་འགན་འཁྲིར་དམིགས་པ་དང་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།