རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་སྒྲུབ་ཚན་ཁག་གི་ཚོགས་འདུ་འཚོགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་སྒྲུབ་ཚན་ཁག་གི་ཚོགས་འདུ་འཚོགས་ནས། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ལས་དོན་ལ་སྐུལ་འདེད་གཏོང་ཚུལ་ཉན་པ། ལས་དོན་ཆེད་སྒྲུབ་ཚན་ཁག་གི་འགན་འཁྲི་དང་ལས་འགན་ཁ་གསལ་བཟོས་པ། གཙོ་གནད་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས། སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་སྒྲུབ་ཚན་ཁག་གི་བློ་མཐུན་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཚད་གཞི་མཐོ་བ་དང་། བླང་བྱ་ནན་པ། བྱེད་ཐབས་དངོས་བཅས་ཀྱི་ཐོག་ནས་ས་གནས་ཁག་དང་། ཚན་པ་ཁག ལས་རིགས་ཁག་བཅས་ཀྱིས་ཆ་ལག་ཚང་བའི་སྒོ་ནས་བཀོད་སྒྲིག་ལས་དོན་ལ་དམ་འཛིན་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་གྲོས་བསྡུར་དང་། གནད་དོན་བཤེར་འདོན། གཅིག་བསྡུས་བཅོས་སྒྲིག སྒོ་དབྱེ་སློབ་གསོ་བཅས་ཀྱི་གཙོ་གནད་ལས་འགན་ཁག་4སྤྱི་འདོམས་ངང་ལེགས་པར་བསྒྲུབས་ཏེ་སློབ་སྦྱོང་དང་། ཞིབ་བཤེར། སྒྱུར་བཅོས་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུར་དམ་འཛིན་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་འགན་འཁུར་བ་དང་པོའི་འགན་འཁྲི་ནན་དུ་བཏང་སྟེ་འགོ་ཁྲིད་ཚན་ཁག་གི་ཁོངས་མིར“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ལ་སྐུལ་མ་གཏོང་བ་དང་། སྣེ་ཁྲིད་དེ་སློབ་སྦྱོང་གྲོས་བསྡུར་དང་། སྣེ་ཁྲིད་དེ་གནད་དོན་བཤེར་འདོན། སྣེ་ཁྲིད་དེ་འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱས་ཏེ་འགོ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་དགོས། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་སྒྲུབ་སྤྱོད་ཚུལ་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་མཐུད་ལག་བསྟར་གྱིས་སྤྱོད་ཚུལ་རྒྱུན་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་བརྩམས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་གསུངས་པ་རེད།