དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གཞུང་གིས་ལུས་རྩལ་གྱི་གཙོ་གནད་ལས་དོན་ཆེད་དོན་བཀོད་གཏོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-01

    ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་ལུས་རྩལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་། རྒྱལ་ཡོངས་ཚོགས་འདུ་གཉིས་དང་རང་སྐྱོང་ལྗོངས་ཚོགས་འདུ་གཉིས་སོགས་ཀྱི་ཚོགས་འདུའི་དགོངས་དོན་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ལུས་རྩལ་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ཆེད་དོན་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བསྡུའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པ”འཆར་འགོད་བྱེད་པའི་ལོ་ཡང་རེད། ལུས་རྩལ་གྱི་གཙོ་གནད་ལས་དོན་ཁག་ལེགས་པར་སྒྲུབ་པར་ཁྱབ་ཁོངས་གཅིག་ལ་གཟི་བརྗིད་སྣོན་པ་མ་ཟད། སྤྱི་ཡོངས་ལ་བཀྲག་མདངས་དེ་བས་སྣོན་པར་དོན་སྙིང་གལ་ཆེན་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རྩེ་རིམ་དཔེ་བསྡུར་དང་། ཇུས་འགོད་ཞིབ་ཕྲ། གྲ་སྒྲིག་གནད་སྨིན། སྐུལ་འདེད་རིམ་ལྡན་བཅས་བྱས་ཏེ་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པ་སོགས་གཙོ་གནད་འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། བྱེད་སྒོ་སྤེལ་སྟངས་གསར་གཏོད་དང་ཁྱད་ལྡན་ལུས་རྩལ་འགྲན་བསྡུར་མཁོ་འདོན་མང་དུ་བཏང་ནས་འཛད་སྤྱོད་གདེང་ཚོད་ཆེ་རུ་གཏོང་བ་དང་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྐོར་ཞིབ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་ངང་སྤེལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།