2025ལོའི་ལྗོངས་ཡོངས་ཀྱི་འཆལ་རྡུང་ལོག་སེལ་གྱི་ལས་དོན་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོགས་པ།
ཉེ་ཆར། 2025ལོའི་ལྗོངས་ཡོངས་ཀྱི་འཆལ་རྡུང་ལོག་སེལ་གྱི་ལས་དོན་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོགས་ཏེ། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་འཆལ་རྡུང་ལོག་སེལ་གྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ལས་དོན་ལ་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ། ད་ལོའི་གཙོ་གནད་ལས་དོན་ཁག་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད། ས་ཁུལ(གྲོང་ཁྱེར)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་པ་དང་འབྲེལ་ཡོད་ཚན་པས་སྤེལ་རེས་གཏམ་བཤད་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས། འཐུས་སྒོ་ཚང་ལ་ནུས་ལྡན་གྱི་ཁ་གཏད་གཅོག་ཐབས་བཟོ་བ་དང་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་དཔེ་སྐྲུན་དངོས་པོ་དང་གནོད་ཡོད་ཆ་འཕྲིན་ཁྱབ་སྤེལ་བྱེད་པར་རྡུང་རྡེག་ཚ་ནན་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་དྲ་རྒྱའི་གཡུལ་ས་གཙོ་བོ་ཡག་པོ་སྲུང་བ་དང་བརྟན་པོ་སྐྲུན་པ་དང་། སྤྱི་འདོམས་འཆར་འགོད་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། གྲངས་འཛིན་ཅན་ལ་བརྟེན་ནས་འཆལ་རྡུང་ལོག་སེལ་ལས་དོན་སྤེལ་བ་བཅས་ཏེ་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། འདོད་གཡེམ་ཆགས་སྲེད་དང་། དབང་གནོད་བརྐུས་དཔར། ཚུལ་མིན་ཆ་འཕྲིན་ཁྱབ་སྤེལ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ན་སོ་དར་ལ་མ་བབས་པའི་མིའི་རིག་གནས་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་གཙང་མ་བཟོ་བ། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་འགན་ལེན་བཅས་བྱེད་དགོས། ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་བཅོས་སྐྱོང་མ་ལག་དང་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་དོན་ཁག་དེ་བས་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཁྲིམས་སྐྱོང་ཅན་བཅས་ལ་སྐུལ་འདེད་བཏང་ཐོག་དུས་རབས་གསར་པའི་རང་ལྗོངས་ཀྱི་འཆལ་རྡུང་ལོག་སེལ་གྱི་ལས་ཀའི་བཀོད་པ་གསར་པ་ཧུར་ཐག་གཏོད་དགོས།
ཚོགས་འདུའི་ཐོག་2024ལོའི་ལྗོངས་ཡོངས་ཀྱི་འཆལ་རྡུང་ལོག་སེལ་ལས་དོན་སྤེལ་ཚུལ་དང་2025ལོའི་བྱ་སྤྱོད་ཇུས་གཞི་བརྡ་ཁྱབ་བཏང་བ་རེད།