རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས་གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ལག་བསྟར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
ལེ་ཚན་གཏོད་པའི་གཏམ།
འདི་ག་ཚགས་པར་གྱིས“བོད་ཀྱི་གསར་འགྱུར་ཟབ་གླེང”ཞེས་པའི་ཆེད་སྒྲིག་ལེ་ཚན་བཏོད་དེ་སྲིད་ཇུས་ལ་འགྲེལ་བཤད་གཏིང་ཟབ་རྒྱག་པ་ནང་དོན་གཙོ་བོར་བྱས་ནས་ཡིག་ཆའི་ཚིག་སྦྱོར་ནང་གི་དམངས་འཚོའི་དྲོ་སྐྱིད་ལ་དབྱེ་ཞིབ་དང་། དབང་གྲགས་ལྡན་པའི་སྐད་ཆ་འབྲེལ་ཟམ་དུ་བྱས་ནས་སྲིད་ཇུས་གཏན་འབེབས་བྱེད་མཁན་དང་ལག་བསྟར་བྱེད་མཁན་གྱིས་ཕན་པ་ཐོབ་མཁན་དང་སྐད་ཆ་ཤོད་རེས་བྱེད་པ། དམངས་སེམས་ཐད་སྦྲེལ་ཚད་ཤིང་དུ་བྱས་ནས་དམངས་ཕན་བྱེད་ཐབས་གངས་རི་དང་རྩྭ་ཐང་གི་ཕྱོགས་གང་སར་ལག་བསྟར་གནད་སྨིན་བྱས་པ་དངོས་སུ་མཚོན་པར་བྱ་རྒྱུ་ཡིན།
དེ་རིང་ནས་བཟུང“བོད་ཀྱི་གསར་འགྱུར་ཟབ་གླེང”ཞེས་པའི་ཆེད་སྒྲིག་ལེ་ཚན་བཏོན་པ་དང་ཆབས་ཅིག ང་ཚོས་བོད་ཀྱི་འཕེལ་རྒྱས་ཀྱི་ཕྱོགས་གང་སར་མཉམ་དུ་བལྟས་ནས་གངས་རི་དང་དྲོ་འཇམ་ཉི་འོད་འོག་ལོ་རྒྱུས་སྙན་ངག་གསར་རྐྱང་ཞིག་འབྲི་བཞིན་པའི་གངས་ལྗོངས་ས་མཐོ་རྒྱ་ཆེའི་ཀློག་པ་པོར་ངོ་སྤྲོད་བྱ་རྒྱུ་ཡིན་པས། དོ་ཁུར་ཡོད་པ་ཞུ།
ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས་གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལག་བསྟར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་དང་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་བསྟན་འཛིན་ལྷུན་གྲུབ་ཀྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག《སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པའི་རྒྱབ་ལྗོངས་དང་། བརྒྱུད་རིམ། དོན་སྙིང་གལ་ཆེན་བཅས་དང་དེ་བཞིན་ནང་དོན་གཙོ་བོ་དང་ཁྱད་ཆོས་སོགས་ངོ་སྤྲོད་གནང་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། གསར་དུ་བཟོ་བཅོས་བརྒྱབ་པའི་《སྲོལ་ཡིག》ནང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཁྲིམས་འཛུགས་ཁྲོད་མངོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་གནད་སྨིན་ནུས་ལྡན་གྱི་སྲིད་ཇུས་དང་བྱེད་ཐབས་ཁག་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་རིམ་སྤོར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཁྲིམས་སྲོལ་མ་ལག་འཛུགས་པར་སྐུལ་འདེད་བཏང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་འབུར་དུ་ཐོན་པར་བྱས་ཡོད། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི“ཕྱོགས་བརྒྱད”ཀྱི་གཙོ་གནད་ལས་འགན་གཏན་འབེབས་བྱས་ཏེ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བར་ཁ་ཕྱོགས་དང་། ཐབས་ལམ། ལས་ཀའི་བྱེད་ཐབས་བཅས་ཁ་གསལ་བཟོས་ནས། བོད་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་མི་རིགས་ལས་དོན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནས་བབ་མངོན་པར་བྱས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱ་རྒྱུ་གཞི་རྟེན་དང་དམ་འཛིན་བྱ་གཞི་གཙོ་བོར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་གཙོ་གནད་ལས་འགན་དུ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ནང་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་མཉམ་འདྲེས་བྱས་ཡོད།
གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ལ་ཁྱོན་ལེའུ་7དང་དོན་ཚན་50ཡོད་པའི་ནང་སྤྱིའི་རྩ་དོན་དང་། འགན་འཁྲིའི་ལས་འགན། སྤྱི་ཚོགས་མཐུན་སྦྱོར། དྲིལ་བསྒྲགས་སློབ་གསོ། འགན་སྲུང་ལྟ་སྐུལ། བཅའ་ཁྲིམས་འགན་འཁྲི། ཞར་བྱུང་བཅས་ཡོད། བཟོ་བཅོས་ཀྱི་གཙོ་གནད་དེ་ལེའུ་དང་པོ་དང་། གཉིས་པ། གསུམ་པ། བཞི་པ་བཅས་ནས་མངོན་པ་དང་། ལེའུ་དང་པོའི་ནང་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་དམིགས་ཡུལ་དང་། གཞི་འཛིན་ས། ལས་ཀའི་བླང་བྱ། མཛུབ་ཁྲིད་བསམ་བློ། གཞི་རྩའི་རྩ་དོན། ལས་ཀའི་བསམ་ཕྱོགས། ལག་ལེན་གྱི་ཐབས་ལམ་སོགས་ཁ་གསལ་བཟོས་ཡོད། ལེའུ་གཉིས་པ་དང་གསུམ་པའི་ནང་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི“ཕྱོགས་བརྒྱད”ཀྱི་གཙོ་གནད་ལས་འགན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་གཏན་འབེབས་བྱས་པ་དང་། རིམ་ཁག་མི་དམངས་སྲིད་གཞུང་དང་། ཁེ་ལས་དང་བྱ་གཞག་ཚན་པ། ཚན་ཞིབ་སྒྲིག་གཞི་དང་མཐོ་སློབ། མང་ཚོགས་ཚོགས་པའི་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས། སྐར་ཁུང་ཞབས་ཞུའི་ཚན་པ། གསར་འགྱུར་སྨྱན་སྦྱོར། གྲོང་ཚོ་དང་སྡེ་ཁུལ། ཁྱིམ་ཚང་སོགས་ཀྱི་འཛུགས་གཏོད་ལས་དོན་ཁྲོད་ཀྱི་འགན་འཁྲི་ཁ་གསལ་བཟོས་ཡོད། ལེའུ་བཞི་པའི་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དྲིལ་བསྒྲགས་སློབ་གསོའི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁ་གསལ་བཟོས་ཡོད།