དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • དམ་པ་དོན་གཉེར་གྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ཏེ་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-22

    སྤྱོད་ཚུལ་འཛུགས་སྐྱོང་ནི་མཚམས་མེད་རྒྱུན་སྒྲུབ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཚུལ་འཛུགས་སྐྱོང་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གྲུབ་འབྲས་ལ་ཕྱོགས་སྡོམ་དང་ཕན་འབྲས་སྲ་བརྟན་དུ་བཏང་ནས་མངོན་སུམ་གྱི་ཤེས་པའི་ཁྲོད་རྗེས་དཔག་གི་ཤེས་པར་སྟངས་འཛིན་མཁས་པོ་བྱེད་པ་དང་། བྱེད་ཐབས་བཟང་པོ་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་སྒྱུར་བ། ལས་ཀའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་ཆད་མེད་པར་དོན་འཁྱོལ་ཡག་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་ཤུགས་ཆེན་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་བྱེད་དགོས།

    (གཅིག)

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བསྐྱོན་ཏེ། ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱོད་ཚུལ་འཛུགས་སྐྱོང་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གསལ་སྟོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམིགས་པ་དང་།  “འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། ཆོད་སེམས་བརྟན་པོས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། ལོ་ཤས་བསྟུད་མར་འབད་བརྩོན་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དམ་པ་དོན་གཉེར་དང་། དངོས་འཛིན་དངོས་སྒྲུབ། དངོས་ཕན་དོན་གཉེར་བཅས་ཀྱི་སྤྱོད་ཚུལ་རིམ་བཞིན་ཆགས་པ། རང་འགན་ཐེག་པ་ཁུར་ལེན་དང་། ལས་སྒྲུབ་ལས་གཏོད། དམངས་ཆེད་བྱ་བ་སྒྲུབ་པ་བཅས་ཀྱི་སྙིང་སྟོབས་དེ་བས་རབ་ཏུ་རྒྱས་པ། ལྗོངས་ཡོངས་ཀྱི་གོང་འོག་ཏུ་སེམས་མཐུན་ཡར་བརྩོན་དང་སྟོབས་སྒྲིལ་ལས་སྒྲུབ་ཀྱི་རྣམ་པ་བཟང་པོ་ཆགས་ནས་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལས་བྱུང་བའི་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་དངོས་སུ་ཚོར་བ་བཅས་བྱུང་ཡོད།

    དང་པོ། “གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་རང་རྟོགས་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བརྒྱུད། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་དང་། ཕུགས་བསམ་དད་སེམས་ཀྱི་སློབ་གསོ། སྒྲིག་ཁྲིམས་སྒྲིག་སྲོལ་གྱི་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་པས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོཌ་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། སྒྲིག་ཁྲིམས་སྒྲིག་སྲོལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ། ཚད་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། སྒྲིག་ཁྲིམས་ནན་པོ་བཅས་སྔར་བས་བཙུགས་པ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དེ་བས་བརྟན་དུ་སོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་འཛིན་པའི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་གཞུང་གི་མོས་སེམས། བརྩེ་བའི་མོས་སེམས་བཅས་དེ་བས་བརྟན་དུ་ཕྱིན་པ་བཅས་བྱུང་སྟེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་ཐུབ་ཡོད།

    གཉིས་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་པ་དེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཙོ་གནད་ལས་དོན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་གི་ལས་དོན་དང་མཉམ་འདྲེས་དམ་ཟབ་དང་གཞི་རིམ་བཅོས་སྐྱོང་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཕྱི་ཚུལ་རིང་ལུཌ་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལྟར་ལས་དོན་སྒྲུབ་པ་ནི་རྒྱ་ཆེའི་ལས་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་གྱུར་ཡོད། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་རང་བཤེར་རང་བཅོས་ཀྱི་རྨང་གཞིའི་ཐོག་བཅོས་སྒྲིག་གི་གསལ་ཐོ་བཟོ་བ་དང་། དག་ཐེར་གྱི་འགན་འཁྲི་ནན་དུ་གཏོང་བ། ཐོ་སུབ་དོ་དམ་ལག་ལེན་བསྟར་བ་བཅས་བྱས་ཏེ་གཞི་རིམ་གྱིས་བཏོན་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་འཕེལ་རིམ་གསར་པ་བྱུང་ཡོད། 2024ལོར་རྩད་ཞིབ་ཐུབ་པའི་གནད་དོན་352ཚང་མ་དག་ཐེར་བྱུང་བ་དང་། “བྱས་རྗེས་ལས་གྲྭ”དང“རྟགས་མཚོན་གྱི་ལས་གྲྭའི”གནད་དོན་49ཡོ་བསྲང་དང་བཅོས་སྒྲིག་བྱས་པ་རེད། ལས་བྱེད་པའི་དཔུང་ཁག་ཁྲོད་དུ“ཁ་ནས་བཤད་པ་ཙམ་གྱིས་དོན་འཁྱོལ་བྱུང་བར་བརྩི་བ་དང་ཚོགས་འདུར་བཀོད་སྒྲིག་བྱས་པ་ཙམ་གྱིས་དོན་འཁྱོལ་ཟིན་པར་བརྩི་བའི”སྣང་ཚུལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་། རྩོམ་ཐུང་སྤེལ་བ་དང་། ཚོགས་འདུ་ཐུང་ཐུང་འཚོག་པ། གཏམ་བཤད་མདོར་བསྡུས་ཤོད་པ་བཅས་ཀྱི་དར་སྲོལ་བཟང་པོ་རིམ་བཞིན་ཆགས་པ་བཅས་བྱུང་བས་གཞི་རིམ་གྱི་ལས་བྱེད་པས་དུས་ཚོད་དང་ནུས་ཤུགས་དེ་བས་མང་བ་དམངས་ཆེད་བྱ་བ་དངོས་སྒྲུབ་པར་སྤྱོད་ཐུབ་པ་བྱུང་ཡོད།

    གསུམ་པ། ཏང་ཡོན་ལས་བྱེད་པའི་བསམ་བློ་གཏོང་སྟངས་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཞིང་། ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་སྔོན་ཐོན་གྱི་ཉམས་མྱོང་དང་བྱེད་སྟངས་དཔྱད་གཞིར་འཛིན་པ་དང་། བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་ལེགས་སུ་གཏོང་བ། “སྒུག་བརྟེན་སློང་གསུམ”གྱི་བསམ་བློ་རང་རྟོགས་ངང་འདོར་བ་བཅས་བྱས་ཏེ། གནས་ཚུལ་གསར་པར་ཞིབ་འཇུག་དང་། བྱེད་ཐབས་གསར་པ་འདོན་པ། གནད་དོན་གསར་པ་ཐག་གཅོད་བཅས་དེ་བས་ཧུར་ཐག་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་ཀྱི་བསམ་བློ་བརྟན་པོར་བཙུགས་ཏེ། སྤྱི་ཚོཌ་བརྟན་ལྷིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་བཙུཌ་ཏེ། རང་རྟོགས་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིད་སྟོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་ལ་ཞིབ་དཔྱད་བྱས་ཡོད། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་བརྟན་པོར་བཙུགས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ནང་རང་འགུལ་ངང་ཞུཌ་ནས་ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆཌ་པར་སྐུལ་འདེད་བཏང་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ཏེ་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་མཐའ་མཚམས་ཀྱི་བདེ་འཇཌ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་དང་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་བྱས་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཐག་གཅོད་ཏན་ཏིག་བྱས་ནས་མང་ཚོཌ་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་བློ་གཅིག་སེམས་གཅིག་གིས་ཐག་གཅོད་བྱས་ཡོད།

    བཞི་པ། ཏང་ཡོན་ལས་བྱེད་པའི་ནུས་པ་དང་བྱང་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། ལས་བྱེད་པའི་ནུས་པ་འཛུགས་སྐྱོང་དེ་ཏང་ལ་དོ་དམ་དང་ཏང་སྐྱོང་བ་དང་། མཐའ་སྐྱོང་བོད་བརྟན་གྱི་མངོན་གསལ་དོད་སར་བཞག་ནས་དམ་འཛིན་མཐའ་འཁྱོངས་བྱས་ཡོད། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་ལས་བྱེད་པས་ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་ཚེ་གང་གི་དོན་གཉེར་བྱ་གཞིར་བརྩི་རྒྱུར་སྐུལ་འདེད་གཏོང་བ། སློབ་སྦྱོང་དང་སྦྱོང་བརྡར་ལ་དམ་འཛིན་ནན་པོ་བྱེད་པ། རང་འགུལ་ངང་སློབ་སྦྱོང་འཕྲོད་པ་བཅས་བྱས་ཏེ། རང་ཉིད་ཀྱི་ནུས་པ་དང་བྱང་ཚད་དེ་ཏང་ཀྲུང་དབྱང་གི་བླང་བྱ་དང་། དུས་རབས་ཀྱི་མདུན་སྐྱོད་ཀྱི་གོམ་སྟབས། བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་བཅས་དང་བསྟུན་ཐུབ་པར་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་ཕྱིན་ནས་ལས་ཀ་སྒྲུབ་ནུས་དང་། ཁྲོམ་རའི་དཔལ་འབྱོར་ལ་སྟངས་འཛིན་བྱེད་ནུས། ཁྲིམས་ལྟར་བྱ་བ་སྒྲུབ་ནུས། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ། ལས་དོན་དེ་བས་སྒྲུབ་ཤེས་པ་དང་། བྱས་རྗེས་དེ་བས་འཇོག་མཁས་པ། ལས་ཀ་བྱེད་ཐབས་དེ་བས་ཚན་རིག་དང་མཐུན་པ། ལས་ཀའི་ཕན་འབྲས་དེ་བས་མངོན་གསལ་དོད་པ་བཅས་བྱུང་ཡོད།

    ལྔ་པ། སྤྱོད་ཚུལ་འཛུགས་སྐྱོང་གི་ལམ་ལུགས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། ལམ་ལུགས་འཛུགས་སྐྱོང་དེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་བྱས་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་དང་ལེགས་སུ་བཏང་བས་ལམ་ལུགས་ལ་བརྟེན་ནས་མི་དང་། ལས་དོན། སྤྱོད་ཚུལ་བཅས་ལ་དོ་དམ་བྱེད་པའི་རྣམ་པ་བཟང་པོ་རིམ་བཞིན་ཆགས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་བླང་བྱ་ལྟར། ཕྱི་ཚུལ་རིང་ལུགས་འགོག་བཅོས་ཀྱི་སྤྱོད་གོ་ཆོད་པའི་ལམ་ལུགས་དང་བྱེད་ཐབས་རབ་དང་རིམ་པ་བཟོས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་ལམ་ལུགས་ནས་འགན་སྲུང་བྱས་ཡོད། གསལ་ཐོ་ཅན་གྱི་དོ་དམ་དང་། རྩིས་ཐོ་ཅན་གྱི་སྐུལ་འདེད། རྣམ་གྲངས་ཅན་གྱི་དོན་འཁྱོལ་བཅས་ཀྱི་ལས་ཀའི་ལམ་སྲོལ་ཁྱབ་གདལ་ཧུར་ཐག་བཏང་སྟེ། ལས་དོན་དང་རྣམ་གྲངས་གལ་ཆེན་འགན་གཙང་ལེན་པའི་ལམ་སྲོལ་དོན་འཁྱོལ་བྱས་ནས་གཙོ་གནད་དང་དཀའ་གནད་ཆེ་བའི་ལས་དོན་དོན་འཁྱོལ་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད། དཔེ་མཚོན་གྱི་བརྡ་ཁྱབ་ལམ་སྲོལ་བཙུགས་ཏེ། དཔེ་མཚོན་གྱིས་ཁྲིད་སྟོན་བྱེད་པའི་ནུས་པ་བཏོན་ནས་ལས་དོན་མི་སྒྲུབ་པ་དང་ལས་དུས་འགྱངས་བ་སོཌ་ཀྱི་ལྡོག་ཕྱོགས་ཀྱི་དཔེ་མཚོན་ཁག་གཅིག་བརྡ་ཁྱབ་བཏང་བས་སློབ་གསོ་དང་ཉེན་བརྡའི་ནུས་པ་ཡག་པོ་ཐོན་ཡོད།

    དྲུག་པ། ལྗོངས་ཡོངས་ཀྱི་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སེམས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། དོ་དམ་ནན་པོ་དང་བརྩེ་སེམས་ཟབ་མོ་ཟུང་འབྲེལ་དང་སྐུལ་ལྕག་དང་ཚོད་འཛིན་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་ལམ་སྲོལ་དོན་འཁྱོལ་བྱས་ནས་ལས་བྱེད་པས་རང་འགན་གཙང་སྒྲུབ་དང་། དངོས་སྒྲུབ་ཐེག་ལེན། བྱས་རྗེས་ཧུར་ཐག་འཇོག་པ་བཅས་ལ་སྐུལ་ལྕག་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་གནས་ལ་གཞི་ཚུགས་ཏེ། ལས་འགན་ནན་ཏན་སྒྲུབ་པ་དང་། ཏན་ཏན་ཏིག་ཏིག་བྱེད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་རང་འགན་ཐེག་ལེན་དང་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་དང་སྟོབས་ཤུགས་དེ“དོན་ཆེན་བཞི”དོན་འཁྱོལ་དང“འཛུགས་གཏོད་བཞི”ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ལ་འགྱུར་བར་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་བཏང་བས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དེ་བས་ལེགས་སུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་དེ་བས་མངོན་གསལ་དོད་དུ་ཕྱིན་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་ཐུབ་པ། དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། ཏང་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།

    སྤྱི་ཡོངས་ནས་བལྟས་ན། སྤྱོད་ཚུལ་ལེཌ་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་རྒྱུན་མཐུད་སྤེལ་བ་བརྒྱུད། རང་ལྗོངས་ཀྱི་ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། ལས་བྱེད་པའི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཀྱི་སྤྱོད་ཚུལ་བཟང་པོ་རིམ་བཞིན་ཆགས་པ། ཏང་གི་ཚན་རིག་དང་མཐུན་པའི་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བ་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་བཅས་བྱུང་ནས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དྲག་ཆར་རླུང་འཚུབ་ཀྱི་ཚོད་བགམ་ལ་ཁ་གཏད་གཅོག་པ་དང་། དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཆབ་སྲིད་ཀྱི་སྟོབས་ཤུགས་བརྟན་པོ་ཞིག་ཏུ་འགྱུར་བའི་འགན་ལེན་བྱས་ཡོད།

    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལོ་བཞི་རྒྱུན་མཐུད་སྤེལ་རིང་། ང་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རང་འགུལ་ངང་སྤྱད་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ཉམས་མྱོང་གསར་པར་ཕྱོགས་སྡོམ་བཅས་ཧུར་ཐག་བྱས་ཏེ། མངོན་སུམ་གྱི་ཤེས་པ་དེ་རྗེས་དཔག་གི་ཤེས་པར་བསྒྱུར་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་འཛིན་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད། གཅིག་ནས་ངེས་པར་དུ་ཆབ་སྲིད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་དང་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ཐད་ཀྱི་བློ་རྩ་བརྟན་པོར་བརྟེན་ནས་སྤྱོད་ཚུལ་བསྒྱུར་བར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་འགན་ལེན་བྱས་པ། གཉིས་ནས་ངེས་པར་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་ལས་མངོན་པའི་ལས་ཀ་བྱེད་སེམས་དང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་དེ་འགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་ལ་བརྟེན་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་པ། གསུམ་ནས་ངེས་པར་དུ་མི་དམངས་གོང་དུ་བཀུར་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་བརྒྱུད་རིམ་དེ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལག་ལེན་བསྟར་བའི་བརྒྱུད་རིམ་དུ་འགྱུར་བ་དང་མང་ཚོཌ་ཁྲོད་སྐྱོད་པ་དང་། མང་ཚོགས་དང་ཉེ་བཅར། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བརྒྱུད་རིམ་ལ་འགྱུར་བར་བྱས་པ། བཞི་ནས་ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གནད་སྨིན་བཅོས་སྒྲིག་བྱས་ནས། ཏང་གི་གཟུགས་བརྙན་ལ་གནོད་པ་དང་མང་ཚོགས་ཀྱིས་སེམས་གཏིང་ནས་མི་དགའ་བ་བྱེད་པའི“སྤྱོད་ཚུལ་བཞིའི”གནད་དོན་རྒྱུན་བསྲིང་ལྷོད་མེད་ངང་བཅོས་སྒྲིག་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་དཀའ་གནད་དང་འགག་གནད་ཆེ་ས་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། གནད་དོན་ཐག་གཅོད་མ་ཐུབ་ན་ལྷོད་གཡེང་མི་གཏོང་བ་དང་ཐག་གཅོད་མཐར་ཕྱིན་མ་བྱུང་ན་ལྷོད་གཡེང་མི་གཏོང་བ་བྱས་པ། ལྔ་ནས་ངེས་པར་དུ་གོང་དཔེ་འོག་སྟོན་མཐའ་འཁྱོངས་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས། འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་ལས་བྱེད་པ་དཀྱུས་མར་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་སྐུལ་ཁྲིད་བྱས་ཏེ་ལས་སྒྲུབ་ལས་གཏོད་དང་སྲོལ་བཟང་སྤྱོད་བཟང་གི་རྣམ་པ་བཟང་པོ་ཧུར་ཐག་ཆགས་པར་བྱས་པ། དྲུག་ནས་ངེས་པར་དུ་རྩ་ལག་མཉམ་བཅོས་མཐའ་འཁྱོངས་དང་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། སྤྱོད་ཚུལ་བཟང་པོ་དེ་ནང་དད་སེམས་ལ་འགྱུར་བ་དང་། ཕྱི་གོམས་གཤིས་སུ་འགྱུར་བ། ལམ་ལུགས་སུ་འགྱུར་བ་བཅས་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད།

    (གཉིས)

    ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་དུས་མཚམས་གང་དུ་སླེབས་ཚེ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་དུས་མཚམས་དེ་བར་སྐུལ་འདེད་གཏོང་དགོས། མིག་སྔར། རང་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་པས། སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད། ལས་འགན་ཇི་ཙམ་ལྕི་བ་དང་འགྲན་སློང་ཇི་ཙམ་ཆེ་ན། དེ་ཙམ་གྱིས་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་འགན་ལེན་ཡོང་བར་བྱེད་དགོས། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པ་དང“བློ་ཁོག་ཆེན་པོས་འགྲན་སློང་བྱེད་པའི”སྙིང་སྟོབས་ལ་བརྟེན་ནས“དོན་ཆེན་བཞི”དོན་འཁྱོལ་ནན་ཏན་བྱེད་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་པོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ནས་ལག་ལེན་ཁྲོད་ཐེག་ལེན་གསར་པ་མངོན་པ་དང་ལེགས་སྐྱེས་གསར་པ་འབུལ་དགོས།

    དང་པོ། ཆབ་སྲིད་འཛུགས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་དགོས་ཤིང་། སྤྱོད་ཚུལ་གྱི་གནད་དོན་ནི་དོན་ངོ་མར་ཏང་གཤིས་ཀྱི་གནད་དོན་ཞིག་རེད། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ནི་འབྲེལ་བ་ཟབ་པའི་གོང་བུ་ཞིག་ཡིན་པ་དང་ཏང་གཤིས་ནི་རྩ་བ་དང་། ཏང་སྲོལ་ནི་མཚོན་ཚུལ། ཏང་གི་སྒྲིག་ཁྲིམས་ནི་འགན་སྲུང་བཅས་རེད། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ནན་ཏན་བྱས་ནས་སྤེལ་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས་ཏང་ཡོན་ལས་བྱེད་པར་ཏང་གཤིས་ཆེ་རུ་གཏོང་བ་དང་། སྒྲིག་ཁྲིམས་ནན་པོ་སྲུང་བ། སྤྱོད་ཚུལ་ལ་ཞུན་བརྡར་སྤྲོས་པ་བཅས་སྦྲེལ་མཐུད་ཡོང་བར་ཁྲིད་སྟོན་གྱིས་རྒྱུན་གཏན་དང་མཉམ་འདྲེས་དང་གོམས་གཤིས་སུ་སྒྱུར་བ་བྱས་ཏེ། ཕུགས་བསམ་དང་དད་སེམས་བརྟན་པོ་དང་། སྒྲིག་ཁྲིམས་དང་སྒྲིག་སྲོལ་དམ་ནན། ལས་ཀའི་སྤྱོད་ཚུལ་ཏན་ཏིག་བཅས་ཐུབ་པར་བྱེད་དགོས།

    ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་སྤྲོས་དགོས། གནམ་འོག་སྤྱོད་པ་བཟང་མིན་ལྷག་བསམ་དག་མིན་ལ་ཐུག་ཡོད། ཏང་ལ་བློ་དཀར་སེམས་དཀར་བྱེད་པ་ནི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ཨང་དང་པོ་དེ་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་དེ་བས་ངོས་འཛིན་གཏིང་ཟབ་བྱས་ཏེ་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། རྒྱལ་ཁབ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་དང་འགྱུར་ལྡོག་ཧ་ཅང་ཆེན་པོའི་ཁྲོད་ནས་སྲོག་ཤིང་གི་སྟོབས་ཤུགས་དང་། རླབས་ཆེ་བའི་བདེན་དོན། བགྲོད་ལམ་གལ་ཆེན་བཅས་ཟབ་མོ་ཚོར་བ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་། མི་དམངས། ཏང་གི་བྱ་གཞག་བཅས་ལ་བློ་དཀར་སེམས་དཀར་བྱེད་དགོས།

    རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་དགོས། རིགས་པའི་གཞུང་ལུགས་བྱང་ཆུབ་པ་ནི་ཆབ་སྲིད་ཀྱི་བྱང་ཆུབ་པའི་རྨང་གཞི་ཡིན་པ་དང་། ཆབ་སྲིད་ཐད་ཀྱི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ནི་རིགས་པའི་གཞུང་ལུགས་ཐད་ཀྱི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ལས་བྱུང་བ་ཞིག་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱིའི་བླང་བྱ་དང་དམིཌ་ཚད་ངེས་གནས་གནད་འཁེལ་ངང་ཁོང་དུ་ཆུད་པར་བྱས་ཏེ་དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཏན་ཏིག་ཆུད་པར་བྱེད་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུཌ་དོན་དངོས་དང་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རང་ངོས་ཀྱི་ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་འབྲས་བུ་འདོགས་པའི་འགན་ལེན་བཅས་བྱས་ཏེ་འབོད་ཚིག་སྟོང་འབོད་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། བཤད་ཕྱིན་བསྒྲུབས་པར་བརྩི་བ་དང་། ཏོག་ཙམ་བསྒྲུབས་ན་ཚང་མ་བསྒྲུབས་པར་བརྩི་བ། བསམ་ཚོད་དེ་དོན་དངོས་ལ་བརྩི་བ་བཅས་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།

    སྒྲིག་ཁྲིམས་སྒྲིག་སྲོལ་ནན་པོ་སྲུང་དགོས། ཏང་གི་སྒྲིག་ཁྲིམས་དང་ལས་སྒྲུབ་ལས་གཏོད་ནི་ནང་གནས་གཅིག་གྱུར་ཡིན། སྒྲིག་ཁྲིམས་ནང་འགལ་མི་རུང་བའི་མཐའ་ཚད་དང་མཚམས་ཐིག་ཁ་གསལ་བཟོས་ཡོད་ལ། དེས་ཏང་ཡོན་ལས་བྱེད་པས་སྤྱོད་གཙང་ལས་སྒྲུབ་དང་བློ་ཁོག་ཆེན་པོས་ལས་དོན་སྒྲུབ་པར་བྱ་སྤྱོད་ཀྱི་ཚད་གཞི་མཁོ་འདོན་ཡང་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་འཛུཌ་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་པ། གཞན་གཅུན་དེ་རང་གཅུན་དུ་སྒྱུར་བ་དང་ནང་སེམས་རྒྱུད་འཇགས་པའི་གཏམ་སྤྱོད་ཀྱི་ཚད་གཞིར་སྒྱུར་བ་བཅས་བྱས་ཏེ་སྒྲིག་བཀུར་ཁྲིམས་སྲུང་བྱེད་ཀྱིན་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་དགོས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་དང་གཞུང་དྲང་ཅན་ཞིག་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་སོགས་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་ལངས་ཕྱོགས་བརྟན་པོ་དང་། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་གྱུར་བཅས་ཡོང་བར་བྱེད་དགོས།

    གཉིས་པ། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་གི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་དགོས་ཤིང་། ཏང་གི་སྤྱོད་ཚུལ་ནི་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དང་བློ་ཁ་གཏད་མིན་ལ་ལྟ་ཞིབ་བྱེད་པའི་ཆར་བརྟག་ཡོ་བྱད་ལྟ་བུ་ཞིག་རེད། ཏང་གི་སྤྱོད་ཚུལ་ལེགས་པ་དང་དམངས་ཀྱི་སེམས་པ་མཐུན་ཚེ། ཏང་དང་མི་དམངས་དབར་བདེ་སྡུག་མཉམ་མྱོང་ཡོང་ཐུབ། ལས་ཀའི་དོན་དངོས་ནས་བལྟས་ན། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་འདུ་ཤེས་ད་དུང་དེ་ཙམ་བརྟན་པོ་མེད་པ་དང་། མང་ཚོགས་ཀྱི་ལས་ཀ་དང་། མང་ཚོགས་ཀྱི་ཁེ་ཕན། མང་ཚོགས་ཀྱི་རེ་འདུན་བཅས་ལ་མཐོང་ཆེན་མི་འདང་བ། གནད་དོན་ཐག་གཅོད་གཏིང་ཟབ་མ་བྱུང་བ་དང་། གནད་ལ་མི་འཁེལ་བ། མཐར་ཕྱིན་མ་བྱུང་བ་བཅས་ལས་མངོན་མེད་ཉེན་ཁ་ཆུང་ཆུང་དེ་གནད་དོན་ཆེན་པོ་ཞིག་ཏུ་གྱུར་བཞིན་ཡོད། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་དོགས་ཟོན་ཆེར་སྐྱེད་ཀྱིས་འདི་འདྲ་དཔེར་བཟུང་ནས་གཅིག་ཤེས་ཀུན་གྲོལ་གྱིས་གནད་དོན་འདི་རིགས་སླར་ཡང་མི་ཐོན་པ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ“མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པ”བློ་ལ་བརྟན་པོར་ངེས་ནས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། མི་དམངས་ལ་བརྩེ་བ་ཟབ་མོ་འཆང་བ། མི་སེམས་ཐོབ་པ་དང་། མི་སེམས་དྲོ་བ། མི་སེམས་ལྷོད་པ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོཌ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས།

    ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་དགོས། ཏང་ནི་མི་དམངས་ཀྱི་ཁྲོད་ནས་བྱུང་བ་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་ཡོད། མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་འཛིན་པའི་རྨང་གཞི་བརྟན་ཤོས་དེ་རེད། ཏང་གི་ལས་བྱེད་པ་མང་ཆེ་བ་ནི་བཟོ་ཞིང་ཁྱིམ་ཚང་ནས་ཡིན་པས་མི་དམངས་མང་ཚོགས་དང་ཤ་ཁྲག་གི་འབྲེལ་བ་ཟབ་མོ་ལྡན་པ་དང་གཞི་རིམ་མང་ཚོགས་ཀྱི་སྡུག་བསྔལ་ལ་རྒྱུས་མངའ་ཆེ་ཤོས་དང་མང་ཚོགས་ཀྱིས་ཅི་ཞིག་རེ་སྒུག་བྱེད་པ་དང་། གང་མཁོ་བ།  གང་ཞིག་ལ་ངོ་རྒོལ་བྱེད་པ་བཅས་སེམས་ནང་གསལ་པོར་ཤེས་ཀྱི་ཡོད། ང་ཚོའི་བསམ་ཚུལ་དང་རྒྱ་ཆེའི་མང་ཚོགས་ཀྱི་བསམ་ཚུལ་གཅིག་མཐུན་བྱུང་ཚེ་གཞི་ནས་ལས་དོན་ཡག་པོ་སྒྲུབ་ཐུབ། གལ་ཏེ་ང་ཚོའི་བསམ་ཚུལ་དེ་མང་ཚོགས་དང་རྒྱབ་འགལ་དུ་སོང་ཚེ་ལས་དོན་སྒྲུབ་སྐབས་གནད་དོན་འཕྲད་སྲིད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ཏེ་བློ་བརྟན་འགྱུར་མེད་ཀྱིས་མི་སེར་གྱི་ཕྱོགས་སུ་ལངས་པ་དང་། རང་རྟོགས་ངང་མི་དམངས་མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་ལས་དོན་སྒྲུབ་པ། མི་དམངས་མང་ཚོགས་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་དགོས། ཞིང་དང་མུ་ཁར་བསྐྱོད་ནས་དམངས་ཀྱི་གནད་ཚུལ་ཤེས་རྟོགས་དང་དམངས་ཀྱི་སྐད་ཆ་ཉན་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་། རང་སྣང་འོལ་ཚོད་བྱེད་མི་རུང་ལ་སྟབས་བདེ་དང་ཕྱོགས་གཅིག་ཅན་དེ་བས་ཀྱང་བྱེད་མི་རུང་། རང་ཉིད་ཀྱིས་བྱ་བ་བཟང་པོ་སྒྲུབ་པ་ཡིན་སྙམ་ཡང་མང་ཚོགས་ཀྱིས་ངོ་རྒོལ་བྱེད་པའི་བྱ་བ་སྒྲུབ་མི་རུང་། མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་སར་ལན་ཧུར་ཐག་བསློགས་ཏེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་མ་ཟད། མང་ཚོགས་ཚོར་ཁེ་ཕན་གྱི་རེ་འདུན་སྣ་ཚོགས་ཐག་གཅོད་ཡང་དག་བྱེད་པར་ཁྲིད་སྟོན་ཡང་ཤུགས་ཆེན་བྱས་ཏེ། བདེ་འཇགས་མཐུན་སྒྲིལ་གྱི་སྤྱི་ཚོགས་ཁོར་ཡུག་ཧུར་ཐག་གཏོད་དགོས།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས། མི་དམངས་ཀྱི་ལངས་ཕྱོགས་དང་མི་དམངས་ཀྱི་ཁེ་ཕན་ལ་གཞིགས་ཏེ་གནད་དོན་ལ་བསམ་གཞིག་དང་། ཐབས་ཇུས་འདོན་པ། ལས་དོན་སྒྲུབ་པ་བཅས་བྱས་ནས། དམངས་ཆེད་འགན་འཁྲི་གཙང་སྒྲུབ་དང་དམངས་ཆེད་ཁེ་ཕན་དོན་གཉེར་བྱེད་པའི་ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བྱ་བ་ནས་འགོ་རྩོམ་པ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་བྱ་བ་ནས་འགོ་བརྩམས་ཏེ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དང་། དཀའ་ངལ་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དངོས་ཐག་གཅོད་ཧུར་ཐག་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་མཐའ་གཅིག་ཏུ་བཅོས་སྒྲིག སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་མང་ཚོགས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཐོབ་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་དགོས། དུས་རབས་ནི་རྒྱུགས་ཤོག་འདོན་མཁན་དང་། ང་ཚོ་ནི་རྒྱུགས་ལན་འདེབས་མཁན། མི་དམངས་ནི་རྒྱུགས་ཤོག་ལྟ་མཁན་བཅས་རེད། འགོ་ཁྲིད་ལས་བྱེད་པས་དམངས་ལ་བདེ་སྐྱིད་བསྐྲུན་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་དེ་རེད། མི་དམངས་ལ་ཕན་བདེ་སྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། མི་དམངས་མང་ཚོགས་ཀྱིས་མཐོང་ཐོས་ལག་ཟིན་ཐུབ་པ་དང་ཕན་པ་དངོས་ཐོབ་པའི་བྱ་བ་མང་ཙམ་སྒྲུབ་དགོས་པ་ལས་མཐོ་འདོད་ཆེན་པོ་དང་དོན་དངོས་དང་མི་མཐུན་པ་གཏན་ནས་བྱེད་མི་རུང་བ་དང་། འཕྲལ་བདེ་འཕྲལ་ཕན་དང་འཕྲལ་འགྲུབ་ཡོང་རེ་གཏན་ནས་བྱེད་མི་རུང་ལ། མགོ་བདེ་དྲན་འཁྲུལ་དང་མི་བདེན་རྫུན་སྒྲིག་དེ་བས་བྱེད་མི་རུང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་གོང་རིམ་ལ་རྣམ་འགྱུར་ཡག་པོ་སྟོན་པ་དང་གཤམ་འོག་ལ་འགན་མི་འཁུར་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། འགོ་ཁྲིད་བློ་ཡིད་ཚིམ་པོ་བྱུང་སོང་བསམས་ནས་མི་དམངས་མང་ཚོགས་བློ་ཕམ་རུ་འཇུག་པའི་བྱ་བ་གཏན་ནས་བྱེད་མི་རུང་བར་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།

    གསུམ་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་འབུར་དུ་བཏོན་ཏེ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ཤུགས་ཆེན་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་ཤིང་། གོང་རིམ་གྱི་བླང་བྱ་མང་པོ་ལག་བསྟར་དོན་འཁྱོལ་བྱེད་མཁན་གཞི་རིམ་གྱི་ལས་དོན་པ་ཡིན། ཉེ་བའི་ལོ་ཤས་རིང་། ང་ཚོས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད་མོད། འོན་ཀྱང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྐྱོན་ཆ་ནི་ཉིན་གཅིག་ནང་ཐོན་པ་ཞིག་མ་ཡིན་པས། རྩ་བ་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དེའང་ཉིན་གཅིག་ལ་འགྲུབ་ཐུབ་པ་ཞིག་མིན་པ་གསལ་པོར་ཤེས་དགོས། ས་གནས་དང་སྡེ་ཚན་ལ་ལས་ཁུར་པོ་ཡང་དུ་གཏོང་བའི་བྱེད་ཐབས་ད་དུང་མི་འདང་བའི་ཆ་མང་བ་དང་ཚད་མི་འདྲ་བའི་མངོན་མེད་གཞན་འགྱུར་གྱི་གནས་ཚུལ་ལྷགས་ཡོད། ལས་རིགས་དང་ཁྱབ་ཁོངས་ལ་ལའི་དམངས་འཚོ་ལེགས་སུ་གཏོང་བའི་བྱེད་ཐབས་དོན་འཁྱོལ་གནད་ལ་འཁེལ་མེད་པ་དང་། གཞི་རིམ་བཅོས་སྐྱོང་བྱེད་རིང་མང་ཚོགས་ཀྱི་ཁེ་ཕན་ལ་བསམ་གཞིག་མི་བྱེད་པ་དང་། མང་ཚོགས་ལ་དོ་ཁུར་མི་བྱེད་པ། གྲོང་ཁྱེར་དང་རྫོང་རིམ་ངོས་ཀྱི་ཆེད་དོན་ལས་ཀའི་ལམ་སྲོལ་ཁག་གཅིག་གི་ནུས་པ་མངོན་གསལ་དོད་པོ་འདོན་མི་ཐུབ་པས། ལས་ཀར་དམ་འཛིན་བྱེད་མཁན་མེད་པ་དང་དོ་དམ་བྱེད་མཁན་མེད་པའི་སྣང་ཚུལ་ཐོན་པ། འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱེད་སྟངས་དང་གོམས་གཤིས་ངན་པ་སྒྱུར་དཀའ་བ་དང་རང་སྣང་གང་ཤར་བྱེད་པ། ལས་བྱེད་པ་ཁ་ཤས་ཀྱིས་གནད་དོན་འཕྲད་སྐབས་གཡོལ་བ་དང་དཀའ་བའི་ལས་མི་གཞན་ལ་སྤྲོད་པ། ནོར་འཁྲུལ་གཞན་ལ་གཡོགས་པ་དང་བྱས་རྗེས་རང་གིས་ལེན་གྱི་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག》ལག་བསྟར་ནན་པོ་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ནུས་པ་འདོན་པར་སྤྱི་འདོམས་བྱེད་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཕུགས་ཕན་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཆིང་རྒྱ་ལས་ཐར་ཐུབ་པ་བྱས་ཏེ། གཞི་རིམ་གྱི་ལས་བྱེད་པར་མང་ཚོགས་ཁྲོད་འཕེལ་རྒྱས་དོན་གཉེར་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དུས་ཚོད་དང་སེམས་ཤུགས་དེ་བས་མང་བ་ཡོང་ཐབས་བྱས་ཐོག་ལས་བྱེད་པའི“དཀའ་སྡུག་གི་སྟོན་གྲངས”ལ་བརྟེན་ནས་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”མཐོ་རུ་གཏོང་དགོས།

    བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་ལྷགས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་དང་། དམངས་འཚོ་ལེགས་གཏོང་དང་གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་ཀྱི་གཞི་རིམ་གྱི་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ཧུར་ཐག “བྱས་རྗེས་ལས་གྲྭ”དང་། “རྟགས་མཚོན་ལས་གྲྭ” “ངོ་སོའི་ལས་གྲྭ”བཅོས་སྒྲིག་ཤུགས་ཆེན་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་ཚུལ་མིན་སྤྱོད་ཚུལ་རྒྱུན་མཐུད་བཅོས་སྒྲིག་བྱེད་དགོས། ཚོགས་ཡིག་གཉིས་བསྡུས་སོགས་ཀྱི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཚོགས་འདུ་མང་པོ་འཚོགས་པ་དང་རིམ་པ་བཞིན་ཚོགས་འདུར་འགྲོ་བའི་སྣང་ཚུལ་བཀག་འགོག་བྱེད་དགོས། གཞི་རིམ་ལས་བྱེད་པ་གཡར་འཐེན་ལ་དོ་དམ་དང་ཚོད་འཛིན་ནན་པོ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་བསྒྲུབས་པའི་དོན་ཚན་གྱི་གསལ་ཐོ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། གྲོང་ཚོ(སྡེ་ཁུལ)སྲིད་འཛིན་ཁྲིམས་སྒྱུར་དང་གྲོང་ཁྱེར་དོ་དམ་སོགས་ལས་དོན་གྱི་འགན་འཁྲིའི་བྱེད་པོར་བརྩི་མི་རུང་བར་གཞི་རིམ་བཅོས་སྐྱོང་གི“རྟེའུ་ཡིས་ཐེར་ཆེན་འདྲུད་པའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།

    དཔྱད་ཞིབ་ཁུ་བསྡུ་དང་ལེགས་སུ་གཏོང་དགོས། དཔྱད་ཞིབ་དོན་ཚན་ཕྱོགས་ཡོངས་ནས་གྲལ་བཤེར་དང་དབྱེ་ཞིབ་ནན་ཏན་བྱས་ནས། དཔྱད་ཞིབ་དོན་ཚན་ཁྲིམས་ལུགས་དང་སྒྲིག་སྲོལ་ལ་མཐུན་མིན་དང་དགོས་པ་དངོས་ཡོད་མེད། དཔྱད་ཞིབ་དམིགས་ཚད་ལས་འགན་གཙོ་བོ་དང་ལས་སྒོ་གཙོ་བོ་མཚོན་ཐུབ་མིན། དཔྱད་ཞིབ་བྱེད་ཐབས་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་མིན། དཔྱད་ཞིབ་བྱས་འབྲས་དྲང་པོ་དྲང་གཞག་ཡིན་མིན་བཅས་ཡག་པོ་བརྟག་སྟེ་དཔྱད་ཞིབ་ཀྱི་གཙོ་གནད་དམ་འཛིན་གྱིས་སོར་འཇོག་བྱེད་དགོས་རིགས་སོར་འཇོག་དང་། ལེགས་སྒྲིག་བྱེད་དགོས་རིགས་ལེགས་སྒྲིག མེད་པར་བཟོ་དགོས་རིགས་མེད་པ་བཟོ་བ་བཅས་བྱེད་དགོས། དཔྱད་ཞིབ་འཆར་གཞིའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དཔྱད་ཞིབ་བྱེད་སྟངས་དང་བྱེད་ཐབས་ལེགས་སུ་གཏོང་བ། དཔྱད་ཞིབ་རྣམ་པ་ཡང་ཡང་བསྒྱུར་བའི་རིགས་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཏེ། གཞི་རིམ་གྱི་ཚན་པར་ཕྱོགས་པའི་དཔྱད་ཞིབ་མང་དྲགས་པ་དང་གཞི་རིམ་གྱི་ཁུར་པོ་ལྕི་དྲགས་པ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་ལ། དཔྱད་ཞིབ་ཁྲོད་ལྷགས་པའི་ཕྱི་ཚུལ་རིང་ལུགས་དང་འཕྲལ་སེལ་སླ་བཅོས་སོགས་ཀྱི་སྣང་ཚུལ་ངན་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།

    དཔེ་མཚོན་གྱིས་ལམ་སྟོན་ལ་སྣང་ཆེན་བྱེད་དགོས། དཔེ་མཚོན་གྱིས་ལམ་སྟོན་བྱེད་པ་ནི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་རེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག》ལས་འགལ་བའི་དཔེ་མཚོན་གྱི་གནད་དོན་ལ་དམིགས་ཏེ། ཞིབ་བཤེར་དང་བརྡ་ཁྱབ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དཔེ་སྟོན་སྣེ་ཁྲིད་དང་ཉེན་བརྡ་གཏོང་བའི་སློབ་གསོའི་ནུས་པ་གང་ལེགས་བཏོན་ནས་གྱོད་དཔེ་གཅིག་དམར་འདོན་བྱས་ཚེ་ཡུག་གཅིག་ཏུ་ཉེན་བརྡ་གཏོང་ཐུབ་པ་བྱེད་དགོས། གྱོད་གཞི་དཔྱད་གཞིར་འཛིན་པ་དང་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པར་ལྟ་སྐུལ་བྱས་ནས། འཕྲལ་སྒྲུབ་འཕྲལ་བཅོས་དང་། གཅིག་ཤེས་ཀུན་གྲོལ། རྩ་ལག་མཉམ་བཅོས་བཅས་བྱེད་དགོས། གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་ཤེས་ཕྱིན་བཅོས་སྒྲིག་བྱེད་པ་དང་། དཔེ་མཚོན་རང་བཞིན་དང་ཡོངས་ཁྱབ་རང་བཞིན་ལྡན་པའི་གནད་དོན་ལ་སྟོབས་ཤུགས་གཅིག་སྡུད་ཀྱིས་ཆེད་དོན་བཅོས་སྒྲིག་དང་གཙང་བཤེར་བྱེད་དགོས།

    བཞི་པ། དངོས་སྒྲུབ་ཐེག་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཤིང་། ཐེག་ལེན་ཆེ་ཆུང་ནས་ལས་བྱེད་པའི་བློ་གཤོགས་དང་སེམས་ཁམས་མཚོན་ཞིང་། ཐེག་ལེན་ཇི་ཙམ་ཆེ་ན་དེ་ཙམ་གྱིས་བྱ་གཞག་ཆེན་པོ་སྒྲུབ་ཐུབ། དངོས་སྒྲུབ་ཇི་ཙམ་ཐུབ་མིན་ནས་ལས་བྱེད་པའི་བྱང་ཚད་དང་སྤྱོད་ཚུལ་མཚོན་པ་དང་འགན་འཁྲི་ཇི་ཙམ་བསྒྲུབས་ཐུབ་ཚེ་གྲུབ་འབྲས་དེ་ཙམ་གྱིས་ཆེན་པོ་ཐོབ་སྲིད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དངོས་སྒྲུབ་ལ་བརྩི་འཇོག་དང་ཐེག་ལེན་ཕོད་པ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། དངོས་འཛིན་དངོས་སྒྲུབ་དང་དངོས་ཕན་དོན་གཉེར་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་གསར་གཏོད་པ་དང་འབད་འབུངས་ལྷོད་མེད་བྱེད་མཁན་ཞིག་རང་རྟོགས་ངང་བྱེད་དགོས།

    སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཕྱོགས་ཡོངས་ལ་བསམ་ཤེས་མེད་པའི་མིས། ཡུལ་ཕྲན་ཞིག་ཀྱང་སྐྱོང་བར་དཀའ། ཕྱོགས་ཡོངས་སེམས་ལ་བཅངས་ན་གཞི་ནས་རྒྱལ་ཁ་ཆེན་པོ་ལེན་ཐུབ། ཏང་ཀྲུང་དབྱང་གིས་ཅི་ཞིག་ལ་སེམས་ཁུར་དང་ཅི་ཞིག་ལ་ནན་བཤད་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་གང་ཡིན་པ་དང་། བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་དགོས་ཤོས་ཀྱི་ལངས་ཕྱོགས་གང་ཡིན་པར་གོ་བ་གཏིང་ཟབ་བླངས་ཏེ་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཁོངས་གཏོགས་དེ་ག་བཅས་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་ནས་བསམ་བློ་གཏོང་བ་དང་འཆར་འགོད་བྱས་ཏེ་སྤེལ་དགོས་པ་དང་། ལས་ཀའི་བྱེད་ཐབས་ཕྱོགས་ཡོངས་ཀྱི་དགོས་མཁོ་དང་མཐུན་པ་དང་ས་ཁུལ་དང་སྡེ་ཚན་གྱི་ཕུགས་ཀྱི་འཕེལ་རྒྱས་ལ་ཕན་ཐོགས་པའི་འགན་ལེན་བྱས་ཐོག་ས་ཁོངས་གཅིག་ལ་གཟི་བརྗིད་སྣོན་དགོས་ལ། སྤྱི་ཡོངས་ལའང་བཀྲག་མདངས་དེ་བས་ཀྱང་སྣོན་དགོས།

    ལེགས་སྐྱེས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། མི་ལ་སྙིང་སྟོབས་མེད་ན་ཚུགས་མི་ཐུབ། རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་སྟོབས་མི་འཕེལ། བོད་ནི་རང་བྱུང་ཆ་རྐྱེན་དཀའ་ཚེགས་ཆེ་བ་མ་ཟད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོ་དང་གཡུལ་ས་གཙོ་བོར་གནས་ཡོད་པས། བསམ་པའི་ཉམས་འགྱུར་བཟང་པོ་ཞིག་མེད་ན་ལས་དོན་ཡག་པོ་སྒྲུབ་མི་ཐུབ་ལ་གྲུབ་འབྲས་ཀྱང་ཐོན་མི་སྲིད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། རང་རྟོགས་ངང་ནང་སེམས་སུ་འཇགས་པ་དང་ཕྱིའི་བྱ་སྤྱོད་དུ་དོན་འཁྱོལ་ཐུབ་པར་བྱས་ནས། ལས་གནས་སུ་གཞི་ཚུགས་ཏེ་རང་འགན་གཙང་སྒྲུབ་དང་ལས་བཀུར་ལེགས་སྐྱེས་ཕུལ་ཏེ་བོད་དུ་གཞི་ཚུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱས་ཐོག བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཞབས་འདེགས་ཞུ་བ་དང་ལེགས་སྐྱེས་འབུལ་དགོས།

    འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་དགོས། དབང་ཆ་ནི་མི་དམངས་ཀྱིས་སྤྲད་པ་ཡིན་པས། མི་དམངས་ཁོ་ནར་ཕན་བདེ་སྐྲུན་དགོས། དཔོན་པོ་ཁོ་ན་བྱེད་འདོད་པ་ལས་ལས་དོན་སྒྲུབ་མི་འདོད་པ་དང་། དབང་ཆ་ཁོ་ན་འཛིན་འདོད་པ་ལས་འགན་འཁྲི་འཁུར་མི་འདོད་པ། གཟི་བརྗིད་ཁོ་ན་བསམ་པ་ལས་ནུས་ཤུགས་འདོན་འདོད་མེད་པ་བཅས་བྱེད་མི་རུང་། ལས་བྱེད་པ་འགའ་ཞིག་ནི་ཐེག་ལེན་བྱེད་མི་འདོད་པ་དང་། ཐེག་ལེན་བྱེད་མི་ཕོད་པ། ཐེག་ལེན་བྱེད་མི་མཁས་པ་བཅས་ཡིན་པལ། ལས་བྱེད་པ་འགའ་ཞིག་གིས་སྐྱིད་འདོད་ལས་གཡོལ་དང་། འགན་འཁྲི་གཞན་ལ་གང་བྱུང་དུ་དཀྲི་བ། ཉི་མ་གང་འཁྱོལ་བཅས་བྱེད་པ། ཡང་ལས་བྱེད་པ་ཁ་ཤས་ཀྱིས་གནད་དོན་མི་ལྷགས་པའི་ཆེད་དུ་བྱ་བ་གཏན་ནས་སྒྲུབ་ཀྱི་མེད། ཐེག་ལེན་མི་བྱེད་པ་དང་དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བའི་གནད་དོན་ངེས་པར་དུ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཡོན་དང་ལས་བྱེད་པས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། འགན་འཁྲི་ཡིད་ལ་འཆང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། ལས་འགན་ཁུར་དུ་ལེན་པ་བཅས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་འགན་འཁྲི་འཁུར་ཕོད་པར་བྱས་ཏེ་རང་གི་གོ་གནས་ཐོག་འགན་འཁྲི་གཙང་སྒྲུབ་དངོས་འབྲེལ་བྱེད་དགོས།

    ལྔ་པ། དྲང་ཕྱོགས་ཀྱི་སྐུལ་ལྕག་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམ་པ་དོན་གཉེར་དང་། དངོས་འཛིན་དངོས་སྒྲུབ། ལས་སྒྲུབ་ལས་གཏོད་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ཤིང་། ལམ་ལུགས་བཟང་ན་མི་ངན་མི་བཟང་དུ་འགྱུར་ཐུབ་པ་དང་ལམ་ལུགས་ངན་ན་མི་བཟང་ཡང་མི་ངན་དུ་འགྱུར་ཐུབ་ཅེས་བློ་མཐུན་ཏེང་ཞའོ་ཕིང་གིས་ཐེངས་མང་གསུངས་མྱོང་། རིམ་ཁག་ཏང་ཨུད་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དངོས་སྒྲུབ་ལ་བརྩི་འཇོག་དང་། ཐེག་ལེན་ལ་སྐུལ་ཁྲིད། ངར་ཤུགས་འཕེལ་བ་བཅས་བྱེད་པའི་དྲང་ཕྱོགས་ཀྱི་སྐུལ་ལྕག་ལམ་སྲོལ་བཙུགས་ནས་རྒྱ་ཆེའི་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་བྱས་རྗེས་ཧུར་ཐག་འཇོག་དགོས།

    མི་སྤྱོད་ཀྱི་ཁྲིད་སྟོན་གསལ་པོ་འཛུགས་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱ་མཐའ་འཁྱོངས་དང་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་མཐའ་འཁྱོངས་ཀྱིས་ཐེག་ལེན་བྱེད་ཕོད་པ་དང་། བྱ་བ་སྒྲུབ་མཁས་པ། གྲུབ་འབྲས་མངོན་གསལ་དོད་པ་བཅས་ཀྱི་ལས་བྱེད་པ་འདེམས་ཤུགས་ཆེ་རུ་བཏང་སྟེ། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པར་གོ་སྐབས་དང་ལས་སྟེགས་སྐྲུན་དགོས། འགོ་ཁྲིད་ལས་བྱེད་པའི་གོ་གནས་འཕར་ཆག་ལ་རྒྱུན་དུ་སྐུལ་འདེད་བཏང་སྟེ་ལས་ཀ་ཡག་པོ་སྒྲུབ་མཁན་ལས་བྱེད་པ་བློ་ཁོག་ཆེན་པོས་སྤྱོད་པ་དང་། འགན་མི་འཁུར་བ་དང་བྱས་རྗེས་མི་འཇོག་པའི་ལས་བྱེད་པ་དུས་ཐོག་ཏུ་ལེགས་སྒྲིག་དང་ཐག་གཅོད་བྱས་ནས་བྱ་དགའ་དང་ཆད་གཅོད་དབྱེ་བ་གསལ་པོ་འབྱེད་དགོས།

    ལས་བྱེད་པར་ཐེག་པ་ཁུར་ལེན་བྱེད་པར་སྐུལ་ལྕག་གཏོང་དགོས། ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང“དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། རྣམ་འགྱུར་གསལ་པོ་དང་བྱེད་ཐབས་དངོས་ཀྱི་ཐོག་ནས་ཐེག་པ་ཁུར་ལེན་མཁན་ལ་ཁག་ཐེག་བྱེད་པ་དང་། འགན་འཁྲི་འཁུར་མཁན་ལ་འགན་འཁུར་བ། ལས་ཀ་བྱེད་མཁན་ལ་རྒྱབ་སྐྱོར་བཅས་བྱེད་པ་དང་ཏང་ཡོན་ལས་བྱེད་པར་འབད་འབུངས་སྟོབས་བརྩོན་དང་ལས་སྒྲུབ་ལས་གཏོད་བྱེད་པའི་སྐུལ་ལྕག་བྱས་ཏེ། སྐུལ་འདེད་མཁན་དང་དངོས་སྒྲུབ་མཁན་བརྩོན་ལེན་བྱེད་དགོས། ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཆབ་སྲིད་ཐད་སྐུལ་ལྕག་དང་། ལས་ཀའི་ཐད་རྒྱབ་སྐྱོར། ཐོབ་ཐང་ཐད་འགན་སྲུང་། སེམས་ཁམས་ཐད་སེམས་ཁུར་བཅས་བྱས་ནས་ལས་བྱེད་པའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་སྟེ། ལས་བྱེད་པ་བློ་སེམས་བདེ་པོས་འགན་སྒྲུབ་སྐྱེས་འབུལ་དེ་བས་ལེགས་པ་ཐུབ་པར་བྱེད་དགོས།

    ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། ཉམས་མྱོང་ནི་ལག་ལེན་ལས་བྱུང་བ་དང་འཇོན་ཐང་ནི་སྦྱོང་བརྡར་ལས་བྱུང་བ་རེད། འཇོན་ཐང་ནི་ལས་སྒྲུབ་ལས་གཏོད་ཀྱི་རྨང་གཞི་ཡིན་པས། ཕྲག་པ་མཉེན་པོས་འགན་འཁྲི་ལྕི་པོ་འཁུར་མི་ཐུབ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་པ་དང་འཕེལ་རྒྱས་ཀྱི་བླང་བྱར་དམ་པོར་དམིགས་ནས། ཤེས་བྱ་གསར་སྒྱུར་མགྱོགས་སུ་གཏོང་བ་དང་། ཤེས་བྱའི་གྲུབ་ཆ་ལེགས་སུ་གཏོང་བ། མཐོང་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཤེས་བྱ་མི་འདང་ས་དང་། འཇོན་ཐང་ཞན་ས། ཉམས་མྱོང་མེད་ས་བཅས་གསབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་དང་ལས་འགན་དེ་བས་ལེགས་པར་འཁུར་དགོས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་བླང་བྱ་ལྟར། ལས་བྱེད་པའི་འཇོན་ཐང་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པའི་ལས་ཀར་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་ནུས་དང་། ལས་སྒྲུབ་ལས་གཏོད་ཀྱི་ལག་ལེན་བསྟར་ནུས། གདོང་ལེན་བྱེད་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པའི་གསར་གཏོད་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    (གསུམ)

    སྤྱོད་ཚུལ་འཛུགས་སྐྱོང་ནི་ཏང་འཛུགས་སྐྱོང་གི་ནམ་ཡང་འགྱུར་བ་མེད་པའི་བརྗོད་གཞི་ཡིན་ཞིང་། དེ་ནི་ཏང་གི་གཟུགས་བརྙན་དང་། སྙན་གྲགས། བྱ་གཞག་གི་རྒྱལ་ཕམ་བཅས་དང་འབྲེལ་བ་ཡོད་པས། ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་དོན་འཁྱོལ་ལ་འགན་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཏན་ཏན་ཏིག་ཏིག་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ཏེ་ལས་དོན་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་པའི་འགན་ལེན་བྱེད་དགོས།

    འགན་འཁྲི་ནན་དུ་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་དེ་གནས་བབ་གལ་ཆེན་དུ་འཇོག་པ་དང་རྒྱུན་གཏན་གྱི་ལས་དོན་དང་མཉམ་འདྲེས་ཀྱིས་སྤྱོད་ཚུལ་ལ་དམ་འཛིན་བྱས་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ལས་དོན་ལ་དམ་འཛིན་བྱས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བའི་འཁོར་རྒྱུག་བཟང་པོ་ཆགས་པར་བྱེད་དགོས། འགོ་ཁྲིད་བློ་མཐུན་གཙོ་བོས་བློ་བརྟན་འགྱུར་མེད་ངང་བྱེད་པོའི་འགན་འཁྲི་ཁུར་ནས་ལས་བྱེད་པ་དང་མང་ཚོགས་ཀྱིས་བཏོན་པའི་སྤྱོད་ཚུལ་གྱི་གནད་དོན་རེ་རེ་བཞིན་དུས་ཐོག་ཏུ་ལན་སློག་པ་དང་ཐག་གཅོད་ཞིབ་ཕྲ་བྱས་ཏེ། ཞིབ་ཕྲའི་གནད་དོན་རེ་རེ་ལེགས་པར་སྒྲུབ་དགོས་ལ། ཡོངས་ཁྱབ་རང་བཞིན་གྱི་གནད་དོན་དེ་བས་ལེགས་པར་ཐག་གཅོད་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་གྲུབ་འབྲས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

    ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ལམ་ལུགས་ནི་རྩ་བ་ཡིན། བཟོ་བཅོས་དོར་འགྲེལ་རྣམ་བཞིའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། གཏན་འབེབས་བྱས་པའི་ལམ་ལུགས་རེ་རེ་གོ་ཆོད་པའི་འགན་ལེན་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་རྒྱུན་རྣམ་ཅན་དང་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལམ་ལུགས་ཀྱི་སྐྱེ་སྟོབས་ནི་ལག་བསྟར་ལ་ཐུག་ཡོད། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་བཏོན་ཏེ་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལམ་ལུགས་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལམ་ལུགས་ཀྱི་ལེགས་ཆ་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་བཅོས་སྐྱོང་ཕན་འབྲས་སུ་ཏན་ཏིག་འགྱུར་བ་བྱེད་དགོས། ལས་བྱེད་པའི་སྤྱོད་ཚུལ་བཟང་མིན་ལ་མི་དམངས་མང་ཚོགས་ཀྱིས་ཤན་འབྱེད་བྱེད་དགོས། མང་ཚོགས་ཀྱི་ལྟ་སྐུལ་དང་ཤན་འབྱེད་རང་རྟོགས་ངང་དང་ལེན་བྱས་ཏེ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས།

    རྣམ་པ་ཟབ་མོ་གཏོད་དགོས། སྔོན་ཐོན་དང་དཔེ་མཚོན་འདེམས་འཛུགས་བྱས་ནས་ཉེ་འགྲམ་གྱི་མི་དང་དོན་དག་ལ་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྐུལ་ལྕག་དང་སྐུལ་སློང་བྱས་ཏེ། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ་དང་སྦྱོང་བའི་དམིགས་ཡུལ་ཡོད་པ་དང་འགྲོ་སའི་ཁ་ཕྱོགས་ཡོད་པར་བྱེད་དགོས། བྱེད་ཐབས་དང་ཉམས་མྱོང་བཟང་པོ་དྲིལ་བསྒྲགས་དང་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ་ལས་བྱུང་བའི་རྣམ་པ་གསར་པ་དང་། བྱས་རྗེས་གསར་པ། འགྱུར་ལྡོག་གསར་པ་བཅས་དྲིལ་བསྒྲགས་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་ཆགས་པར་བྱེད་དགོས།

    སྟོང་གཏམ་གྱིས་རྒྱལ་དོན་འཕྱུག དོན་དམ་གྱིས་རྒྱལ་ཁབ་དར། བཀོད་སྒྲིག་གཅིག་ལ་དོན་འཁྱོལ་དགུ ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། གདེང་ཚོད་བརྟན་གཏོང་དང་ངར་སེམས་ཆེར་སྐྱེད་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་སྔར་བས་ནན་པོ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།