དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བསྟན་པ་ཡིས་རང་སྐྱོང་ལྗོངས་མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་ལས་རིགས་ཆེད་དོན་ཚོགས་ཆུང་གི་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-20

    ཚེས་17ཉིན་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་ལས་རིགས་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་བསྟན་པ་ཡིས་རང་སྐྱོང་ལྗོངས་མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་ལས་རིགས་ཆེད་དོན་ཚོགས་ཆུང་གི་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། རང་སྐྱོང་ལྗོངས་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་གནང་བ་དང་། 2024ལོའི་མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་མ་ཟད། 2025ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    བསྟན་པ་ཡིས་བླང་བྱ་བཏོན་དོན། རྣམ་གྲངས་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་ཟོག་འགྲེམས་ལྟེ་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསལ་ཏེ། ཞབས་ཞུའི“འཁོར་རྒྱུག་གཉིས”ཀྱི་ཟོག་འགྲེམས་དྲ་རྒྱ་ཧུར་ཐག་སྐྲུན་དགོས། འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་ཡོད་བྱེད་ཐབས་ལེགས་སུ་གཏོང་བ། རྣམ་མང་མཉམ་སྐྱེལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། “སྒོ་ཁྲལ་མེད་ཁུལ་དང་གྲུ་ཁའི་ཁུལ་མཉམ་འགུལ”དང“ཕྱིར་གཏོང་ཐད་གཏོང”བྱེད་སྟངས་རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་བཅས་བྱས་ནས་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་ནུས་ལྡན་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།