རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་བ།
ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས་རང་སྐྱོང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་ཁུལ་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས་བཏོན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གནས་བབ་དེ་བས་མཐོ་བ་དང་། བཀོད་པ་དེ་བས་ལེགས་པ། ཚད་གཞི་དེ་བས་མཐོ་བ་བཅས་ཀྱི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལས་ཀའི་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་ཀ་རྟེན་ཐོན་ལས་སུ་བསྐྲུན་རྒྱུར་དམིགས་པ་དང་། འཆར་འགོད་སྔོན་སྤེལ་འབུར་དུ་ཐོན་པ། མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས། ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་ཕན་འབྲས་ལ་མཐོང་ཆེན། སྤུས་ལེགས་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ལམ་ཐིག་ཧུར་ཐག་བསྐྲུན་པ་བཅས་བྱས་ནས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་པར་བྱེད་དགོས།