ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། སློབ་སྦྱོང་ལག་བསྟར་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། གྲོལ་མ་ཐག་པའི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི“འགག་རྩའི་དུས་སུ”འཚོགས་པའི“འགག་རྩའི་ཚོགས་འདུ”ཞིག་ཡིན་ཞིང་། དེ་ནི“ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བསྡུའི་དམག་འཐབ་དང་འབྲེལ་བ་ཡོད་པ་མ་ཟད། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པ་དང་ཡང་འབྲེལ་བ་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་མི་དམངས་འཐུས་ཚོགས་ཀྱི་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བར་བྱས་ཏེ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ་དང་། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཉམ་དུ་སློབ་སྦྱོང་དང་། མཉམ་དུ་ལག་བསྟར། མཉམ་དུ་ཇུས་འགོད། མཉམ་དུ་དོན་འཁྱོལ་བཅས་བྱེད་དགོས། “སྣེ་ཁྲིད་ཀྱི་ནུས་པ”ཡག་པོ་བཏོན་ནས་རང་ཉིད་ཀྱིས་སྣེ་ཁྲིད་པ་དང་། འཐུས་མིས་མིག་དཔེ་སྟོན་པ། ལས་བྱེད་པས་མདུན་དུ་སྐྱོད་པ་བཅས་མཐའ་འཁྱོངས་ཀྱིས་ཡུལ་དུས་མང་པོ་དང་། བྱེད་ཐབས་མང་པོ། རྣམ་པ་མང་པོ་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་སྒྲོག་འགྲེལ་བྱས་ཏེ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྔར་བས་ལེགས་ལ་མགྱོགས་པའི་ངང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ལྟེ་བའི་སྤྱི་ཡོངས་ལ་དམིགས་ནས་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཚོགས་ཆེན་གྱི་སྤྱོད་ཚུལ་དར་སྤེལ་ཡག་པོ་གཏོང་བ་དང་། རྒྱུན་མཐུད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཁ་བཤད་ལག་བསྟར་དང་མགོ་ཡོད་མཇུག་ཡོད་མཐའ་འཁྱོངས་བྱེད་པ། གནད་ལ་འཁེལ་བའི་དོན་དག་དང་། གཏན་ལ་འཁེལ་བའི་བསམ་ཕྱོགས། བཀོད་སྒྲིག་བྱས་པའི་ལས་དོན་བཅས་ནུས་ཤུགས་ཡོད་རྒུ་དང་ཏན་ཏན་ཏིག་ཏིག་གིས་བསྒྲུབས་ཏེ་སྒྲུབ་ཐུབ་པ་དང་། ཡག་པོ་སྒྲུབ་ཐུབ་པ། སྤུས་ལེགས་སྒྲུབ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གོ་རིམ་དང་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྒྲིག་འཛུགས་ཞིབ་ཚགས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་མངོན་འགྱུར་ཡོང་བ་བྱེད་དགོས།