དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས《རྒྱལ་ཡོངས་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་གི་ལས་དོན་འཆར་འགོད(2024ལོ་ནས་2028ལོའི་བར)》གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-17

    ཚེས་14ཉིན་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ནས《རྒྱལ་ཡོངས་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་གི་ལས་དོན་འཆར་འགོད(2024ལོ་ནས་2028ལོའི་བར)》གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱས་པ་མ་ཟད། 2025ལོའི་ལྗོངས་ཡོངས་ཀྱི་ཏང་ཡོན་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་འཆར་གཞིར་ཞིབ་འཇུག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས་བསྟན་དོན། ཏང་ཡོན་གྱི་སློབ་གསོ་ནི་ཏང་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཞིག་རེད། མཐའ་སྐྱོང་བོད་བརྟན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཏན་ཏིག་བྱེད་དགོས། ཏང་ཡོན་གྱི་སློབ་གསོའི་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ་དང་རང་སྐྱོང་ལྗོངས་ཀྱིས《རྒྱལ་ཡོངས་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་གི་ལས་དོན་འཆར་འགོད(2024ལོ་ནས་2028ལོའི་བར)》ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་ཞིབ་ཕྲ་ཞིབ་འཇུག་གཏན་འབེབས་བྱས་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་དགོས། ཆབ་སྲིད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་སློབ་གསོར་དྲག་ཆས་སྤྲོས་པའི་འཆར་གཞི་གཏིང་ཟབ་བཀོད་ནས་ཏང་ཡོན་རྣམས་ཀྱིས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་རྩ་བརྟན་པའི་དད་གུས་བྱེད་པ་དང་ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་བར་ཁྲིད་སྟོན་བྱེད་དགོས། གནད་སྨིན་རིགས་དབྱེའི་སློབ་སྟོན་མཐའ་འཁྱོངས་བྱེད་པ་དང་ཁྱབ་ཁོངས་མི་འདྲ་བའི་ཚོགས་སྤྱིའི་ཁྱད་ཆོས་ལ་དམིགས་ནས་བྱ་གཞག་གི་དགོས་མཁོ་དང་། རྩ་འཛུགས་ཀྱི་བླང་བྱ། མི་སྒེར་གྱི་དགོས་མཁོ་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ། རིམ་དབྱེ་རིགས་དབྱེ་བྱས་ནས་ཆེད་དོན་གསོ་སྦྱོང་སྣ་ཚོགས་ཡག་པོ་སྤེལ་དགོས། སློབ་གསོ་གསོ་སྦྱོང་གི་སྤུས་ནུས་ཆེ་རུ་གཏོང་བ་དང་། བྱ་ཐབས་དང་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། རྒྱུན་གཏན་གྱི་སློབ་གསོར་དམ་འཛིན་ཡག་པོ་དང་། ལས་བྲལ་གསོ་སྦྱོང་ཚད་ལྡན་དུ་གཏོང་བ། གཞི་རྩའི་གསོ་སྦྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པའི་ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒྲུབ་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་ཡོན་གྱི་སློབ་གསོ་དོ་དམ་དང་ནུས་པ་འདོན་སྤེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་འཛུགས་འགན་འགོད་དང་ཁས་ལེན་ལག་བསྟར་སོགས་བྱེད་པ་དང་ཏང་ཡོན་གྱིས་ལས་གནས་ལ་གཞིགས་ཚུགས་ནས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱས་ཏེ་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།