རེན་ཝེ་ཡིས་རང་སྐྱོང་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་14ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་2024ལོའི་ལས་དོན་སྤེལ་ཚུལ་ཕྱོགས་བསྡོམས་དང་། 2025ལོའི་ལོ་འཁོར་གྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
རེན་ཝེ་ཡིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། “དོན་ཆེན་བཞིར”དམིཌ་པ། “འཛུཌ་གཏོད་བཞིར”ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་རང་འགུལ་འཆར་འགོད་དང་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ཞན་ཆ་མགྱོགས་མྱུར་སེལ་བྱེད་དགོས། བཀོད་གཏོང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་ཞབས་ཞུ་དང་། དངུལ་རྩའི་རྒྱབ་སྐྱོར། རིག་གནས་ཡུལ་སྐོར་དང་། ཟོག་འགྲེམས་བཀོད་སྒྲིག ཚོང་གཉེར་ཁོར་ཡུག་སོགས་གཙོ་གནད་ཁྱབ་ཁོངས་སྟོབས་ཆེར་གཏོང་བ་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཐོན་ལས་ཀྱི་འཁོར་འབྲེལ་དང་། མ་དངུལ་གྱི་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ། ཆ་འཕྲིན་གྱི་འཁོར་འབྲེལ། གསར་གཏོད་ཀྱི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་བསྡོམས་འབོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། གྲུབ་ཆ་ལེཌ་སུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལོ་འཁོར་གྱི་ལས་ཀའི་གཙོ་གནད་དང་བསྡུར་བ། ལས་ཀའི་བྱེད་ཐབས་ཞིབ་ཕྲ་དང་འཐུས་སྒོ་ཚང་དུ་གཏོང་བ། རྗེས་བསྙེགས་ནས་ཕན་འབྲས་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།