དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་དུ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-12

    ཚེས་10ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ལྷ་ས་གྲོང་ཁྱེར་ཀརྨ་དགོན་གསར་ཁྲོམ་གཞུང་དང་རྔ་ཆེན་ཁྲོམ་གཞུང་དུ་ཕེབས་ཏེ་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་དང་། འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། ཉེན་རྟོག་ལས་དོན་ཁང་བཅས་སུ་ཕེབས་ནས་གཞི་རིམ་གྱི་བཅོས་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ཧུང་པོ་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    ཀརྨ་དགོན་གསར་སྡེ་ཁུལ་དང་། གླང་རུ་སྡེ་ཁུལ། ཆོས་རྭ་གླིང་སྡེ་ཁུལ་བཅས་སུ་ལིའུ་ཅང་གིས་དྲ་མིག་པ་དང་མཁོ་ཆོད་ལས་བཟོ་པ་སོགས་སྡེ་ཁུལ་གྱི་ལས་དོན་པ་དང་སྤེལ་རེས་གཏིང་ཟབ་གནང་ནས། གཞི་རིམ་བཅོས་སྐྱོང་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། བརྟག་ཞིབ་གནང་རིང་ལིའུ་ཅང་གིས་ནན་བཤད་གནང་དོན། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་བཏོན་ནས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཉམ་འགུལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ལས་དོན་ཡག་པོ་བསྒྲུབས་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་གཞི་རིམ་བཅོས་སྐྱོང་གི་ནུས་པར་ཏན་ཏིག་འགྱུར་བར་བྱེད་དགོས། “ཁྲོམ་གཞུང་དང་ཤང་གིས་བརྡ་གཏོང་བ་དང་སྡེ་ཚན་གྱིས་འབྱོར་ཐོ་བཀོད་པ” “རེ་ཞུ་འབྱོར་མ་ཐག་སྒྲུབ་པ”སོགས་ཀྱི་ཉམས་མྱོང་དང་བྱེད་ཐབས་ཁྱབ་གདལ་ཧུར་ཐག་བཏང་ནས། སྡེ་ཁུལ་གྱི་ལས་དོན་པའི་འཇོན་ཐང་ཆེ་རུ་ཤུགས་ཆེན་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་སྙིང་ཉེའི་ཞབས་ཞུ་སྒྲུབ་པ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་དགོས། ཉེན་བརྡ་རྒྱུན་གཏོང་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཐག་གཅོད་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས། སྔ་ཙམ་དང་ཆུང་ས་ནས་དམ་འཛིན་དང་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། གཞི་རིམ་དུ་ཐོན་མ་ཐག་ནས་ཐག་གཅོད་ཏན་ཏིག་བྱེད་དགོས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས། སྣང་མེད་བག་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་དམ་འཛིན་ཏན་ཏིག་གིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།