བློ་བཟང་རྒྱལ་མཚན་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས་འཐུས་མི་ཚོ་དང་ལྷན་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།
བློ་བཟང་རྒྱལ་མཚན་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་པ་དང་། གྲུབ་འབྲས་གླེང་སྐབས་སྤྱིར་བཏང་མིན་པ་གླེང་ཡོད་ལ་ལས་སླ་པོ་མིན་པ་ཡང་གླེང་བ། བཀོད་སྒྲིག་གནང་སྐབས་དགོངས་པ་གླེང་ཡོད་ལ་བསམ་ཕྱོགས་ཀྱང་གླེང་ཡོད། དེ་དག་ཚང་མའི་ཕྱོགས་གང་ས་ནས་དམངས་འཚོར་དོ་ཁུར་གནང་ལུགས་མཚོན་པ་དང་། སྐད་ཆ་དུམ་བུ་རེ་རེ་ལས་འཕེལ་རྒྱས་ཀྱི་གདེང་ཚོད་བརྒྱུད་སྤྲོད་བྱས་ཡོད་པས། ཆབ་སྲིད་ཀྱི་མཐོ་ཚད་དང་། དགོངས་པའི་གཏིང་ཟབ་ཚད། དམངས་འཚོའི་དྲོ་སྐྱིད་ལྡན་ཚད་བཅས་ཧ་ཅང་ཆེན་པོ་ཡོད་པ་དང་། མི་སེམས་གཅིག་སྒྲིལ་ཐུབ་པ་དང་། མི་སེམས་ལ་སྐུལ་མ་ཤུགས་ཆེན་ཐེབས་པ། མི་སེམས་ལ་ལྕག་སྐུལ་ཆེན་པོ་ཐེབས་ཡོད། དེ་ནི་དམ་པ་དོན་གཉེར་དང་འབད་འབུངས་ཡར་བརྩོན་ལ་སྐུལ་མ་གཏོང་བའི་སྙན་སྒྲོན་ཡག་པོ་ཞིག་རེད། རང་ཉིད་རྦད་དེ་མོས་མཐུན་ཡོད་ལ་བརྩི་བཀུར་ཡང་མཐའ་གཅིག་ཏུ་ཞུ་གི་ཡིན། མཐའ་མཚམས་མི་རིགས་ས་ཁུལ་ཡིན་པའི་བོད་ལྗོངས་ཀྱིས“གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།