ལིའུ་ཅང་སེ་ར་དགོན་དུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ས་གནས་ཁག་དང་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བརྙན་ལམ་ནས་བཀོད་གཏོང་གནང་རྗེས་སེ་ར་དགོན་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་ཤིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱས་ཏེ་ལས་དོན་ཁག་ཏན་ཏན་ཏིག་ཏིག་ངང་ལེགས་པར་བསྒྲུབས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲང་ཡན་ཆིང་དང་ཝུའུ་ཅུན་ཞུཌ་ཡོད་པ་རེད།
སེ་ར་དགོན་དུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་སྐབས། ལིའུ་ཅང་གིས་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་པ། དགོན་པའི་དགེ་འདུན་པ་བཅས་དང་སྤེལ་རེས་གཏིང་ཟབ་གནང་སྟེ་ས་གནས་ས་ཐོག་གི་སྒྲིག་ལམ་དང་དམངས་ཕན་ཞབས་ཞུ་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས། ཁོང་གིས་ལས་ཀའི་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་འགོག་ཟོན་ཡག་པོ་བྱེད་པ། བརྩེ་སེམས་་ཟབ་མོས་དམངས་ཕན་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་འགན་ལེན་ནུས་ཤུགས་ཡོད་རྒུས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལིའུ་ཅང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་ཡིས་སྔོན་གཏན་འཁེལ་བའི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དགོངས་སྐོར་སྙན་སེང་ནན་པོ་ཞུས་ནས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག་བྱས་ཏེ། དམ་ཞིང་ནན་པའི་སྒྲིག་ཁྲིམས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དང་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་ནས་སྒྲུབ་པ་དང་གཞི་རིམ་ནས་བསྒྲུབས་ཏེ། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་ཀྱི་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱེད་པ། འགལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་། མེ་ཟོན་བདེ་འཇགས། བདེ་འཇགས་ཐོན་སྐྱེད། དུས་ཆེན་གྱི་ཁྲོམ་རའི་ལྟ་འདོམས་བཅས་ལ་ཤུགས་སྣོན་རྒྱག་པ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་དང་གོ་རིམ་ལྡན་པའི་འགན་ལེན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་ལས་ཀའི་སྒྲིག་ཁྲིམས་ནན་དུ་བཏང་སྟེ། ལྷོད་གཡེང་གི་བསམ་བློ་དང་། དམག་འཁྲུག་ལ་སུན་སྣང་སྐྱེ་བའི་བསམ་བློ། སྟེས་དབང་གི་བསམ་བློ་བཅས་མཐའ་གཅིག་ཏུ་ཁྱད་བསད་བྱས་ནས། དྲང་གཞག་དང་ཡ་རབས་ཀྱི་ཁྲིམས་སྒྱུར་ལས་སྒྲུབ་ཀྱི་ཚད་གཞི་ནན་དུ་བཏང་སྟེ་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་ཏན་ཏིག་བྱེད་དགོས། རྒྱུན་གཏན་གྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་གྱི་ཕྱོགས་སྟོན་དང་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་གཞི་རིམ་གྱི་ཞན་ཆ་སེལ་བ་དང་མི་འདང་བའི་ཆ་གསབ་རོགས་བྱས་ཏེ། སྤྱོད་ཚུལ་ནན་པོར་བརྟེན་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། དུས་ཆེན་རིང་གི་ལས་རེས་སྣེ་ཁྲིད་པ་དང་སྡོད་བྱའི་ལས་དོན་བཀོད་སྒྲིག་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་བོད་ཀྱི་ལོ་གསར་དགའ་གཏོང་བྱེད་པར་དུས་བདེ་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་ཧུར་ཐག་སྐྲུན་དགོས།